དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསྟན་པ་ཁོངས་གཏོགས་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་མཉམ་འབྲེལ་ཏང་ཀྲི་པུའུ་བརྒྱད་པའི་ལོ་འཁོར་གྱི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ནས། ཀྲི་པུའུ་ཡི་ཏང་ཡོན་གཞན་དང་མཉམ་དུ་སློབ་སྦྱོང་གྲོས་བསྡུར་དང་བསམ་ཚུལ་སྤེལ་རེས་བྱས་པ་རེད།

    ཀྲི་པུའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་གསན་རྗེས། བསྟན་པས་ད་ལོ་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ཏང་ནང་ཁུལ་གྱི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་གལ་ཆེན་གཞན་ཞིག་ཡིན་པས། ལྗོངས་ཏང་ཨུད་ཀྱིས་འཕྲལ་དུ་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཡོད། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་སློབ་གསོར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཏང་གཤིས་ལ་ཞུན་བརྡར་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་རང་འགན་གཙང་སྒྲུབ་དེ་བས་ཡག་པོ་བྱེད་པར་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། ཆ་ལག་ཚང་བའི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་ཏང་ཙུའི་བླང་བྱ་དང་ཡང་ཡང་བསྡུར་བ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། ཕྱི་ཚུལ་རིང་ལུགས་སྤོང་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་གོང་འོག་སྦྲེལ་མཐུད་ཐུབ་པའི་འགན་ལེན་བྱེད་དགོས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འཛེམས་མེད་དམར་འདོན་ཕོད་པ་བྱས་ཏེ་ཞབས་ཞུ་འགན་ལེན་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སློབ་སྦྱོང་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།