ནག་ཆུ་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ།
འདས་ཟིན་པའི་ལོ་གཅིག་ནང་། ནག་ཆུ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱིས་བོད་ལུགས་གསོ་རིག་སྨན་རྫས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་དང་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་དེ་བས་ལེགས་པར་བསྐངས་ཡོད། 2024ལོར། རིམ་རྩིས་བརྒྱབ་ན། གྲོང་ཁྱེར་ཡོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་སྒྲིག་གཞི་14ལ་སྨན་བཅོས་འགན་བཅོལ་སྨན་རིན་ཁྱོན་ཐེངས་114921དུས་རྩིས་བརྒྱབ་ཡོད་པ་རེད།
བོད་ལུགས་གསོ་རིག་སྨན་རྫས་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ཁྱབ་ཁོངས་ཆེ་རུ་བཏང་ཞིང་། བོད་ལུགས་གསོ་རིག་སྨན་རྫས་སྨན་བཅོས་སྒྲིག་གཞིར་ནག་ཆུ་གྲོང་ཁྱེར་གྱི་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ཚོ་ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་པར་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ཐུབ་པར་འགན་ལེན་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ཆ་རྐྱེན་འཛོམས་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་དང་བོད་ལུགས་གསོ་རིག་དང་བོད་སྨན་སིལ་ཚོང་ཁང་སོགས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་གྲོས་མཐུན་དོ་དམ་དང་ས་ཆ་གཞན་དུ་སྨན་རིན་མཇུག་རྩིས་ཀྱི་དམིགས་བཙུགས་ཁྱབ་ཁོངས་ནང་བཅུག་ནས། སྨན་ཁང་དུ་སྡོད་པའི་སྨན་རིན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་ཚད་མཐོ་རུ་བརྟན་པོ་བཏང་ཡོད། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞིའི་སྨན་རིན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པར་སྐུལ་འདེད་བཏང་སྟེ། བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ས་ཁོངས་ཁྱབ་འགྱེད་ནུས་པ་ཆེ་རུ་བཏང་བ་རེད།
སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་སྐབས་བསྟུན་ལེགས་སྒྲིག་རྒྱུན་མཐུད་བྱས་ཤིང་། བོད་ལུགས་གསོ་རིག་དང་བོད་སྨན་སྨན་བཅོས་སྒྲིག་གཞིའི་ནད་ཐོག་སྨན་སྤྱོད་ཀྱི་དགོས་མཁོ་སྐོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་བླང་བྱ་གཞིར་བཟུང་སྨན་རྫས་ལྟ་སྐུལ་སྡེ་ཚན་གྱིས་ཆོག་མཆན་སྤྲད་པའམ་ཡང་ན་ཐོ་འགོད་བྱས་པའི་རིན་གོང་ལུགས་མཐུན་དང་སྨན་ནུས་གནད་ལ་འཁེལ་བར་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞིབ་རྩད་ལག་བསྟར་ཚད་གཞི་ལོན་པའི་མི་རིགས་ཀྱི་སྨན་རྫས་དང་། ཀྲུང་ལུགས(བོད་ལུགས)སྨན་རྫས་འཐུང་རིལ། སྨན་བཅོས་སྒྲིག་གཞིའི་ལས་སྣོན་སྨན་རྫས། ཀྲུང་ལུགས་སྨན་རྫས་ཀྱི་སྨན་སྦྱོར་རིལ་བུ་བཅས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ལ་འཇུག་པའི་རེ་ཞུ་བྱས་ཡོད། 2024ལོར་ནག་ཆུ་གྲོང་ཁྱེར་གྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་སྨན་རིགས་25སྨན་བཅོས་འགན་བཅོལ་ཐེབས་རྩ་ནས་མཇུག་རྩིས་རྒྱག་ཐུབ་ཡོད་པ་རེད།
བོད་སྨན་རིགས་ལ་གཟིགས་སྐྱོང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ་དང་བུ་བཙའི་འགན་བཅོལ་གྱི་སྨན་རྫས་དཀར་ཆག》ནང་ཡོངས་བསྒྲགས་བྱས་པའི་བོད་སྨན་དང་། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་ཡོངས་བསྒྲགས་བྱས་པའི་མི་རིགས་ཀྱི་སྨན་རྫས་དང་། སྨན་བཅོས་སྒྲིག་གཞིའི་ལས་སྣོན་སྨན་རྫས། ཀྲུང་ལུགས་སྨན་སྦྱོར་རིལ་བུའི“ཁ་པ་རིགས”ཀྱི་སྨན་རྫས་བཅས་ལ་མི་སྒེར་གྱིས་སྨན་རིན་སྤྲོད་པའི་བསྡུར་ཚད་10%ནས་5%བར་དམའ་རུ་གཏོང་རྒྱུ་ལག་ལེན་བསྟར་ནས་བོད་ལུགས་གསོ་རིག་ཐད་ཀྱི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ཀྱི་སྨན་རིན་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད། 2024ལོར་ནག་ཆུ་གྲོང་ཁྱེར་གྱི་མི་ཐེངས་ཁྲི་16.54ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་རིན་སྒོར་ཁྲི་9800ལྷག་ཙམ་མཇུག་རྩིས་བརྒྱབ་ཡོད་པ་རེད།