དབྱང་ཧྥན་ཡུས་ཝུའེ་དང་ཐེན་ཀྲོའུ་ཧྥན་སོ་སོར་གདང་རྒྱུག་མཐོ་དམའི་ཨང་དང་པོ་དང་གསུམ་པ་ཐོབ་པ།
ཉིན་ཤས་གོང་། ཐུར་ཁེའི་གྲོང་ཁྱེར་ཨན་ཐ་ལི་ཡར་སྤེལ་བའི་2025ལོའི་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལུས་སྦྱོང་གི་འཛམ་གླིང་བུམ་པའི་ཨན་ཐ་ལི་ཡ་ས་ཚིགས་ཀྱི་གདང་རྒྱུག་མཐོ་དམའི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་དབྱང་ཧྥན་ཡུས་ཝུའེ་ལ་ཨང་དང་པོ་ཐོབ་པ་དང་། ཨ་རིའི་བདམས་ཐོན་པ་ཁེ་ལེར·ཕི་སི་དང་ཀྲུང་གོའི་བདམས་ཐོན་པ་ཐེན་ཀྲོའུ་ཧྥན་སོ་སོར་ཨང་གཉིས་པ་དང་གསུམ་པ་ཐོབ་ཅིང་། འདི་ནི་ཨང་དང་པོ་ཐོབ་པའི་ཀྲུང་གོའི་བདམས་ཐོན་པ་དབྱང་ཧྥན་ཡུས་ཝུའེ(དཀྱིལ)དང་། ཨང་གཉིས་པ་ཐོབ་པའི་ཨ་རིའི་བདམས་ཐོན་པ་ཁེ་ལེར·ཕི་སི(གཡོན) ཨང་གསུམ་པ་ཐོབ་པའི་ཀྲུང་གོའི་བདམས་ཐོན་པ་ཐེན་ཀྲོའུ་ཧྥན་བཅས་ཀྱིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་མཉམ་པར་རྒྱག་བཞིན་པ།