ཀོང་ཤིས་སུ་ཕྱིར་གཏོང་མངགས་ཐོ་མང་དུ་ཕྱིན་ནས་གྲུ་གཟིངས་བཟོ་མཁན་ཁེ་ལས་ཐོན་སྐྱེད་ལས་ལ་བྲེལ་བ།
ཟླ་3ཚེས་21ཉིན། གསར་འགོད་པས་ཀྲུང་གོ་གྲུ་གཟིངས་ཚོགས་པ་ཀོང་ཤིས་གྲུ་བཟོ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། མིག་སྔར། ཀུང་སི་དེར་གྲུ་གཟིངས་བཟོ་བའི་མངགས་ཐོ་2027ལོའི་ལོ་མཇུག་བར་བང་བསྒྲིགས་ཟིན་པའི་ནང་སྤྱོད་སྒོ་མང་བའི་ཟོག་གྲུ་དང་། དོས་སྒམ་གྲུ་གཟིངས། ཟོག་འདེབས་གྲུ་གཟིངས་སོགས་གྲུ་གཟིངས་བཟོ་དབྱིབས་མང་པོ་ཚུད་ཡོད། གྲུ་གཟིངས་ཉོ་མཁན་ནང་ཧོ་ལན་དང་། འཇར་མན། ཧྥིན་ལན། ཏེན་མག་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོ་ཚུད་ཡོད་ཅིང་། འདི་ནི་ཀྲུང་གོའི་གྲུ་གཟིངས་ཚོགས་པ་ཀོང་ཤིས་གྲུ་བཟོ་ཚད་ཡོད་ཀུང་སིའི་གྲུ་གཟིངས་བཟོ་ཡུལ་ཡིན་པ།