དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཐུས་མིས་ནན་བཤད་གནང་དོན་ཞི་བདེ་ནི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་དཀྲོལ་བའི་འཆམ་མཐུན་གྱི་རོལ་དབྱངས་ཤིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-03-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཁྲེན་ཤུས་ཀྱིས་ཚེས་20ཉིན་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི“རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱིས་ཡུན་རིང་ཞི་བདེར་སྐུལ་འདེད་གཏོང་བའི”རིམ་མཐོའི་བགྲོ་གླེང་ཚོགས་འདུའི་ཐོག་གཏམ་བཤད་གནང་ནས། མིག་སྔའི་རྒྱལ་སྤྱིའི་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་གནང་བ་རེད།

    ཁྲེན་ཤུས་ཀྱིས་ནན་བཤད་གནང་དོན། ཞི་བདེ་ནི་རྒྱལ་ཁབ་ག་གེ་མོ་ཞིག་གིས་རོལ་ཆ་རྐྱང་དཀྲོལ་བྱེད་པ་ཞིག་མིན་པར་འཛམ་གླིང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་དཀྲོལ་བའི་འཆམ་མཐུན་རོལ་དབྱངས་ཤིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་མཐའ་འཁྱོངས་བྱེད་པ། ལུགས་མཐུན་གཞུང་དྲང་མཐའ་འཁྱོངས་བྱེད་པ། རྩ་ལག་ཟུང་བཅོས་མཐའ་འཁྱོངས་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། དམག་འཁྲུག་མཚམས་འཇོག་པར་ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་ཡོང་བ་བྱས་ཏེ་ཞི་བའི་གྲོས་མོལ་ལ་ལམ་བཏིང་ཟམ་སྐྲུན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་གྲོས་འགོ་འདོན་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་ཀྲུང་གོས་མུ་མཐུད་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་བདེར་དགའ་བའི་རྒྱལ་ཁབ་ཚང་མ་དང་མཉམ་དུ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བློ་བརྟན་འགྱུར་མེད་ཀྱིས་ཁས་ལེན་བྱེད་པ་བསྐྱར་ཞུ་བྱས་ཏེ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇཌ་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།