ཕྱི་འབྲེལ་པུས་བརྗོད་དོན་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྦྲེལ་མཐུད་བྱེད་རེས་ལ་འཕེལ་རིམ་གསར་པ་མི་ཉུང་བ་ཞིག་བྱུང་ཡོད།
ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཉེ་བའི་དུས་མཚམས་ཤིག་རིང་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཀྱི་སྦྲེལ་མཐུད་བྱེད་རེས་ལ་འཕེལ་རིམ་གསར་པ་མི་ཉུང་བ་ཞིག་བྱུང་ཡོད། ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་གྱི་ལམ་ཐིག་གསར་པ་བཏོད་པ་དང་། ཀྲུང་ཁེར་ཨུ་བཅས་ཀྱི་ལྕགས་ལམ་བསྐྲུན་འགོ་ཚུགས་པ། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱི་ལོ་འཁོར་གྱི་མེ་འཁོར་གཏོང་ཚད་ཁྲི་གཅིག་ལྷག་ཙམ་ཟིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཐའ་འཁོར་གྱི་རྒྱལ་ཁབ་25དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་རྒྱལ་ཁབ་18ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ཀྲུང་གོ་འདི་ཉིད་ཨེ་ཤེ་ཡའི་བརྟན་ལྷིང་གི་འགག་རྩ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས། ས་ཁོངས་བདེ་འཇགས་ཀྱི་འདེགས་སྐྱོར་བཅས་ལ་གྱུར་ཡོད་ཅེས་བརྗོད་པ་རེད།