དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཡུལ་གཞན་གྱི“སྡོད་ཁང་སྤྱི་གསོག་མ་དངུལ་དང་ཚོང་ལས་དངུལ་ཁང་ཟུང་འབྲེལ”གྱི་དངུལ་བུན་རིམ་རྩིས་བརྒྱབ་ན་སྒོར་ཁྲི་2081.6བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-25

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱས་པར། 2024ལོའི་ཟླ་12པར་ཡུལ་གཞན་གྱི“སྡོད་ཁང་མ་དངུལ་དང་ཚོང་ལས་དངུལ་ཁང་ཟུང་འབྲེལ”གྱི་སྡེབ་སྒྲིག་དངུལ་བུན་ལས་སྒོ་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན། ཞན་དབྱང་བཅས་སུ་ལག་ལེན་བསྟར་བ་ནས་བཟུང་། འདི་ལོའི་ཟླ་2པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན། ཡུལ་གཞན་དུ་དངུལ་བུན་སྒོར་ཁྲི་2081.6བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་གཞན་དུ་སྡེབ་སྒྲིག་དངུལ་བུན་ལས་སྒོ་ལག་བསྟར་བྱས་པ་དེས་བོད་ཀྱི་ལས་བཟོས་ཡུལ་གཞན་དུ་ཁང་པ་ཉོ་བའི་མ་དངུལ་བསྡུ་སྒྲིལ་བཅོལ་གསོག་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་ཡོད་པ་རེད། ཕྱོགས་གཅིག་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐད་བོད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ལོངས་སྤྱོད་བྱས་ཏེ། སྔོན་ཆད་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་ཁང་པ་ཉོ་སའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ལྟར་ལག་བསྟར་བྱེད་པའི་བཀག་རྒྱ་མེད་པར་བཟོས་པ་དང་། ཕྱོགས་གཞན་ཞིག་ནས་ཚོང་ལས་དངུལ་ཁང་གི་དངུལ་བུན་དེ་ས་ཆ་གཞན་གྱི་མངགས་བཅོལ་ཐོབ་པའི་དངུལ་ཁང་གིས་ཚབ་སྤྲོད་པ་དང་ཁང་པ་ཉོ་བའི་ཚོང་ལས་དངུལ་ཁང་གི་དངུལ་བུན་སྐྱེད་ཚད་ལྟར་ལག་བསྟར་བྱས་པས། བོད་ཀྱི་ས་གནས་དེ་གའི་དངུལ་ཁང་དང་ལྗོངས་ཕྱིའི་གསར་སྤེལ་ཚོང་པའི་དབར་མཉམ་ལས་བྱེད་པའི་ཚད་བཀག་རང་བཞིན་དང་དེ་བཞིན་ལྗོངས་ཕྱི་ནང་གི་སྲིད་ཇུས་གཅིག་མཚུངས་མེད་པ་སོགས་ཀྱི་དཀའ་གནད་ཐག་གཅོད་ཐུབ་ནས་མཉམ་ལས་བྱ་ཡུལ་ས་ཁུལ་དང་གྲོང་ཁྱེར་ནས་ཁང་པ་ཡག་པོ་ཉོ་བའི་ཐད་ཀྱི་དངུལ་བུན་སྤྱི་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།