སྐར་ཁུང་ཆུང་ངུ་། དམངས་འཚོ་ཆེན་པོ།
འདི་ནི་སྐྱེམས་སྟོང་ཤང་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པས་མང་ཚོགས་ལ་ལས་སྒོ་གཉེར་བཞིན་པ།
འདི་ནི་སྐྱེམས་སྟོང་ཤང་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པས་མང་ཚོགས་ལ་ལས་སྒོ་གཉེར་བའི་བརྒྱུད་རིམ་ངང་རྒྱུད་རིང་པོས་གསལ་བཤད་བྱེད་བཞིན་པ།
ཤང་གྲོང་གི་དམངས་ཕན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གིས་2024ལོའི་ལོ་མཇུག་ཏུ་དམངས་ཕན་ཞབས་ཞུའི་ལྟེ་གནས་དངོས་སུ་བཙུགས་པ་རེད། “རྒན་རྒོན་གཅིག་དང་བྱིས་པ་གཅིག”སོགས་དམིགས་བསལ་ཚོགས་སྤྱིས་དྲ་ཐོག་ནས་ལས་སྒོ་གཉེར་སྐབས་འཕྲད་པའི་དཀའ་ངལ་ལ་དམིགས་ཏེ། དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱིས་རྒྱུན་རྣམ་ཅན་གྱི“གཅིག་ལ་གཅིག་གཏད”ཀྱི་རོགས་སྒྲུབ་ཚབ་སྒྲུབ་ཞབས་ཞུའི་ལམ་སྲོལ་བཙུགས་ནས་མང་ཚོགས་དོན་དག་སྒྲུབ་སྐབས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་པ་མ་ཟད། དམངས་ཕན་ཞབས་ཞུའི་ལྟེ་གནས་དེ་སྲིད་གཞུང་གིས་དམངས་ལ་ཞབས་འདེགས་ཞུ་བའི“མདུན་གྲལ་སྐར་ཁུང”དང“གཅེས་སེམས་ས་ཚུགས”སུ་འགྱུར་བར་བྱས་ཡོད།