དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི“པོ་ཤིས་ཧོ་བུམ་པའི”རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེགས་ཀྱི་ཨང་དང་པོ་ཐག་གཅོད་འགྲན་བསྡུར་གཉེར་བ།

    བོད་ལྗོངས་ཀྱི་ལུས་རྩལ་པར་ཁྱོན་གསེར་གྱི་རྟགས་མ་1དང་དངུལ་གྱི་རྟགས་མ་7ཟངས་ཀྱི་རྟགས་མ་5ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-25

    གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་16ནས་20ཉིན་བར། 2025ལོའི“པོ་ཤིས་ཧོ་བུམ་པའི”རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེགས་ཀྱི་ཨང་དང་པོ་ཐག་གཅོད་འགྲན་བསྡུར་ཧེ་ལུང་ཅང་ཞིང་ཆེན་ཡཱ་པུའུ་ལི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་གཉེར་ཞིང་། འགྲན་བསྡུར་ནང་ཐག་ཐུང་དང་། མཉམ་བསྲེས་རྒྱུག་མཐུད། དྲང་འཕྱང་མྱུར་འགྲན། མི་སྒེར་གྱི་བྱེས་བགྲོད་སོགས་རྣམ་གྲངས་5བཀོད་སྒྲིག་བྱས་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)11ནས་ཡོང་བའི་ལུས་རྩལ་པ་100ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་དང་། རང་ལྗོངས་ཀྱི་བཀྲ་ཤིས་བསྟན་སྒྲོན་དང་། ཚེ་དབང་རྡོ་རྗེ། འཇམ་དབྱངས་བློ་གྲོས་སོགས་ལུས་རྩལ་པ་17འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། རང་ལྗོངས་ཀྱི་བདམས་ཐོན་པར་ཁྱོན་གསེར་གྱི་རྟགས་མ་1དང་། དངུལ་གྱི་རྟགས་མ་7 ཟངས་ཀྱི་རྟགས་མ་5བཅས་ཐོབ་པའི་ནང་། ཚེ་དབང་རྡོ་རྗེར་སྐྱེས་པའི་ཡོངས་བསྒྲགས་ཚོགས་ཆུང་གི་མི་སྒེར་གྱི་བྱེས་བགྲོད་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་པ་དང་། བཀྲ་ཤིས་བསྟན་སྒྲོན་ལ་བུད་མེད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་ཐག་ཐུང་དང་། དྲང་འཕྱང་མྱུར་འགྲན། མི་སྒེར་གྱི་བྱེས་བགྲོད་རྣམ་གྲངས་བཅས་ཀྱི་ཨང་གཉིས་པ་ཐོབ་པ། བསྟན་འཛིན་ཆོས་འཕེལ་ལ་སྐྱེས་པའི་ཡོངས་བསྒྲགས་ཚོགས་ཆུང་གི་ཐག་ཐུང་དང་དྲང་འཕྱང་མྱུར་འགྲན་རྣམ་གྲངས་ཀྱི་ཨང་གཉིས་པ་དང་མི་སྒེར་གྱི་བྱེས་བགྲོད་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ། འཇམ་དབྱངས་བློ་གྲོས་ལ་སྐྱེས་པའི་ཡོངས་བསྒྲགས་ཚོགས་ཆུང་གི་མི་སྒེར་གྱི་བྱེས་བགྲོད་རྣམ་གྲངས་ཀྱི་ཨང་གཉིས་པ་དང་དྲང་འཕྱང་མྱུར་འགྲན་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ། བཀྲ་ཤིས་བསྟན་སྒྲོན་དང་འཇམ་དབྱངས་བློ་གྲོས་ལ་ཡོངས་བསྒྲགས་ཚོགས་ཆུང་གི་མཉམ་བསྲེས་རྒྱུག་མཐུད་རྣམ་གྲངས་ཀྱི་ཨང་གཉིས་པ་ཐོབ་པ། དོན་གྲུབ་ཆོས་འཕེལ་ལ་སྐྱེས་པའི་U16ཚོགས་ཆུང་གི་དྲང་འཕྱང་མྱུར་འགྲན་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ། རིག་འཛིན་ཆོས་འཛོམས་ལ་བུད་མེད་ཀྱི་U14ཚོགས་ཆུང་གི་དྲང་འཕྱང་མྱུར་འགྲན་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ། གནམ་གང་བུ་ཁྲིད་དང་དངོས་གྲུབ་ཚེ་རིང་ལ་ཡོངས་བསྒྲགས་ཚོགས་ཆུང་གི་མཉམ་བསྲེས་རྒྱུག་མཐུད་རྣམ་གྲངས་ཀྱི་ཨང་གསུམ་པ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།