དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས་ལས་མིར་ལག་བསྟར་གྱོད་དངུལ་གཅིག་སྡུད་ཐོག་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-25

    “དམངས་ཆེད་ལག་བསྟར”གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་དོ་བདག་ལ་ཞུ་གཏུག་ལམ་ལྷོངས་ཀྱི་ཁེ་དབང་མ་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱ་ཆེད། ཉེ་ཆར། སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་གྱོད་དངུལ་སྒོར་ཁྲི་24ལྷག་ཙམ་ལས་མི་6ལ་གཅིག་སྡུད་ཐོག་སྤྲད་ཡོད།

    “ཤོག་ཐོག་ཁེ་དབང”དེ“ཁ་ཡོད་ལག་ཡོད་ཀྱི་མ་དངུལ”དུ་བསྒྱུར་ནས་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ནུས་ལྡན་བྱས་པ་དེས་ཁྲིམས་འཛིན་བརྒྱུད་མི་སེར་གྱིས་ཁེ་དབང་སྲུང་སྐྱོབ་ཐུབ་པ་ཚོར་ཞིང་། ལས་མིའི་འཐུས་མིས“དམངས་ཆེད་ཁྲིམས་འཛིན། ལག་བསྟར་ནུས་ཆེ”ཞེས་བཀོད་པའི་ཐུགས་རྗེ་ཆེ་ཞུ་བའི་གོས་དར་ལས་བྱེད་ཉེན་རྟོག་པར་སྤྲད་ཅིང་། ཁོང་ཚོའི་གོས་དར་དང་ཁས་ལེན་ལས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་དོ་བདག་གིས་ཁས་ལེན་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་ལ། ལག་བསྟར་ལས་དོན་ལའང་ལྕག་སྐུལ་བྱས་པ་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།