ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རྫ་ཟམ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱིས་གསར་བརྗེའི་ཆབ་མདོ·དར་རྒྱས་དང་འབད་བརྩོན་ གྱི་འགྲན་བསྡུར་རབ་དང་རིམ་པ་བྱས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རྫ་ཟམ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱིས་གསར་བརྗེའི་ཆབ་མདོ·དར་རྒྱས་དང་འབད་བརྩོན་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་དང་། ཡིག་གཟུགས། གླུ་གར་སོགས་ཀྱི་འགྲན་བསྡུར་རབ་དང་རིམ་པ་བྱས་པ་དེ་ཐོག་ནས་སྡེ་ཁུལ་མང་ཚོགས་ཀྱི་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད་པ་རེད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཏམ་བཤད་འགྲན་བསྡུར་གྱི་ལྷུ་ཚིགས་ནང་འགྲན་ཞུཌ་བདམས་ཐོན་པ་4ཡིས་གསར་བརྗེའི་རིག་གནས་ལ་གུས་བཀུར་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་དགའ་ཞེན་གྱི་བསམ་པ་བཅངས་ནས་གསར་བརྗེའི་ཆབ་མདོ·དར་རྒྱས་དང་འབད་བརྩོན་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ། ངོ་མཚར་ཆེ་བའི་གཏམ་བཤད་བྱས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཡིག་གཟུགས་འགྲན་བསྡུར་གྱི་ལྷུ་ཚིགས་ནང་འགྲན་ཞུགས་བདམས་ཐོན་པ་8ཀྱིས་པིར་རྩལ་ལ་བརྟེན་ནས་གསར་བརྗེའི་ཆབ་མདོར་དགའ་ཞེན་དང་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས་པ། གླུ་གར་འགྲན་བསྡུར་གྱི་ལྷུ་ཚིགས་ནང་སྒོར་གཞས་དང་། མཉམ་གཞས། གླིང་སྒྲུང་སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་གྱིས་བྱེད་སྒོའི་མཐོ་རླབས་འཕྱུར་བ་བྱས་པ། འགྲན་ཞུགས་བདམས་ཐོན་པའི་གར་སྟབས་དང་སྙན་འཇེབས་ཀྱི་གླུ་སྒྲས་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་གསར་པ་མངོན་པས། དཔྱད་འདེམས་ཨུ་ལྷན་དང་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།