བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སའི་རིག་གནས་རོལ་རྩེད་འཁྲབ་སྟོན་ཁེ་ལས་ལ་བརྟག་ཞིབ་གནང་བ།
ཉེ་དུས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་རུ་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་གྱི་རིག་གནས་རོལ་རྩེད་འཁྲབ་སྟོན་གྱི་ཁེ་ལས་ཁག་གཅིག་ཏུ་ཕེབས་ནས་ལས་གཉེར་ཚད་ལྡན་དང་། ལེ་ཚན་ཞིབ་དཔྱད། མེ་ཟོན་བདེ་འཇགས། འགྲུལ་ཁུངས་གཙོ་བོ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་རེད། དེ་དང་ཆབས་ཅིག་བཞུགས་མོལ་ཚོགས་འདུ་འཚོཌ་ནས་རང་ལྗོངས་ཀྱི་རོལ་རྩེད་འཁྲབ་སྟོན་ལས་རིཌ་ཀྱི་དོ་དམ་ཞབས་ཞུ་དང་འཕེལ་རྒྱས་ཀྱི་གནས་ཚུལ་གསན་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། འཁྲབ་སྟོན་བྱ་གཞག་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་བ་དང་མདུན་ལམ་ཡངས་པོ་ཡོད་པས་འབྲེལ་ཡོད་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་མཐོ་ཚད་ཐོག་ནས་འཁྲབ་སྟོན་ཁྲོམ་རའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། འགྲུལ་ཁུངས་ཀྱི་ཁྲོམ་ར་དང་། ལས་ཀ་བྱེད་མཁན། ཁྲོམ་རའི་སྒྲིག་ལམ་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ། ཁྲོམ་རའི་དགོས་མཁོ་དང་མཐུན་པ་དང་བདེ་ཐང་ཡར་ཐོན་གྱི་ཐོན་རྫས་དང་ལས་རྣམ་གསར་སྤེལ་བྱས་ནས་མང་ཚོགས་དེ་བས་མང་བར་བློ་ཡིད་ཚིམ་པའི“གར་སྟེགས”གཏོད་དགོས། ཁྲིམས་སྒྱུར་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་ལྡན་པ་དང་། གོ་རིམ་ལྡན་པ། ཤེས་དཔལ་ལྡན་པ་བཅས་ཀྱི་རིག་གནས་ཁྲོམ་རའི་ཁོར་ཡུག་བཏོད་ནས་རང་ལྗོངས་ཀྱི་འཁྲབ་སྟོན་ཁྲོམ་ར་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།