སྣ་དཀར་རྩེ་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཆུ་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་བྱས་པ།
ཉེ་ཆར། སྣ་དཀར་རྩེ་རྫོང་གིས་རྫོང་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཆུ་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་བྱས་པར་རྫོང་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་50ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེ་གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པ་དང་མི་རིཌ་ཁག་གི་འགྲོ་འོང་དང་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་དོན་དུ་བཟུང་ནས། ཕུལ་བྱུང་དགེ་རྒན་གྱི་ཐོན་ཁུངས་ལ་བརྟེན་ནས་སློབ་ཁྲིད་ཀྱི་ནང་དོན་ལ་རིགས་པའི་གཞུང་ལུགས་དང་ལས་སྒོ་ཕྱོགས་གཉིས་ཚུད་ཡོད་པ་དང་། ས་གནས་ས་ཐོག་གི་ཉམས་ལེན་རྣམ་པའི་སློབ་ཁྲིད་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར། འགྲན་བསྡུར་སོགས་ཀྱི་རྣམ་པ་སྣ་ཚོཌ་སྤྱད་པས་གསོ་སྦྱོང་ལ་ཞུགས་མཁན་སློབ་མའི་སློབ་སྦྱོང་གི་ཧུར་སེམས་དང་རང་འགུལ་བསམ་པར་སྐུལ་སློང་ཤུགས་ཆེན་ཐེབས་ཡོད།