གོང་དཀར་རྫོང་གིས་རྫོང་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གི་ལས་གནས་སྤོ་སྒྱུར་བྱས་པ།
ཉེ་ཆར། གོང་དཀར་རྫོང་ལྟེ་བའི་སྨན་ཁང་གིས་རྫོང་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་8ཀྱི་ཡོན་ཀྲང་གི་ལས་གནས་སྤོ་སྒྱུར་དང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་བསྒྲུབས་པ་རེད།
འཕྲོད་བསྟེན་ཁང་ཁག་གི་ཡོན་ཀྲང་གི་ལས་དོན་རྩིས་སྤྲོད་རྩིས་ལེན་གོ་རིམ་ལྡན་པ་དང་ཡག་པོ་སྒྲུབ་ཆེད། ཉེ་ཆར་གོང་དཀར་རྫོང་ལྟེ་བའི་སྨན་ཁང་གིས་ལས་དོན་རྩིས་སྤྲོད་རྩིས་ལེན་གྱི་ལྟ་སྐུལ་ཚོགས་ཆུང་བཙུགས་ཏེ་ཤང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་དུ་ཕྱིན་ནས་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད། ཤང་གྲོང་ཁག་གི་འཕྲོད་བསྟེན་ལས་དོན་ཁག་བགོས་འགན་གཉེར་གྱི་གཞི་རིམ་ལས་བྱེད་པ་དང་མཉམ་དུ་ཤང་གྲོང་ཁག་གི་འཕྲོད་བསྟེན་ཁང་གི་གང་ཅིའི་ཐད་ཀྱི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་སེམས་ཁུར་ཤུགས་ཆེན་བྱེད་པའི་ཐད་སྤེལ་རེས་གཏིང་ཟབ་ཀྱང་བྱས་པ་རེད།