དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་ཙིར་གྱིས“བཟོ་ལས་ཅན་བསྐྱར་མར”སྐུལ་འདེད་བཏང་བར་ཕན་འབྲས་རགས་ཙམ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲི་ཡོན་ཧའོ།   |     སྤེལ་དུས།  2025-03-24

    ཉིན་ཤས་གོང་། པར་ཙིར་གྱི་འཕེལ་རྒྱས་དང་། བཟོ་ལས། ཚོང་དོན། ཞབས་ཞུ་བཅས་པུའུ་ཡིས་གནས་ཚུལ་སྤེལ་ནས“པར་ཙིར་གྱི་བཟོ་ལས་གསར་པའི”འཆར་གཞི་ལག་བསྟར་བྱས་ཏེ་ལོ་གཅིག་སོང་རིང་མ་འཇོག་དང་། གསར་གཏོད། དེ་བཞིན་གསར་གཏོད་ལས་གཏོད་ཀྱི་གོ་སྐབས་སོགས་ཐད་འཕེལ་རིམ་གལ་ཆེན་བྱུང་ནས་སྤྱི་པའི་མ་འཇོག་དང་སྒེར་གཉེར་ཁེ་ལས་ཀྱིས་མ་འཇོག་བྱེད་ཚད་ལེ་ཡར་དུང་ཕྱུར་ཁྲི་3.4(ཨ་སྒོར་1དང་ལེ་ཡར་5.8མཚུངས་པ)ཟིན་ནས་ཞིང་ལས་དང་། བདེ་ཐང་ཐོན་ལས། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར། ནུས་རྒྱུའི་ཕྱོགས་སྒྱུར། རྒྱལ་སྲུང་ལག་རྩལ་སོགས་ཁྱབ་ཁོངས་ལ་ཁྱབ་ཡོད།

    “པར་ཙིར་གྱི་བཟོ་ལས་གསར་པའི”འཆར་གཞི་2024ལོའི་ཟླ་དང་པོ་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་ཆབས་ཅིག་འབྱུང་འགྱུར་ལོ་10ཡི་ཁྱབ་ཁོངས་ཆེན་པོ་དྲུག་གི་འཕེལ་རྒྱས་དམིགས་ཚད་བཟོས་པ་དེའི་དམིགས་ཡུལ་ནི་ཡིད་རྟོན་དངུལ་བུན་གྱི་སྐྱེད་ཚད་དང་སྲིད་གཞུང་གི་ཁ་གསབ་སོགས་བརྒྱུད་པར་ཙིར་ལ་ལོ་བཅུ་གྲངས་རིང་ཤུགས་རྐྱེན་ཐེབས་པའི“བཟོ་ལས་ཅན་དོར་བའི་འཕེལ་རིམ”ལ་འགྱུར་ལྡོག་བཏང་ནས་བཟོ་ལས་ཐོན་སྐྱེད་རང་ས་ཅན་ལ་སྐུལ་འདེད་གཏོང་བ་དང“བཟོ་ལས་ཅན་བསྐྱར་མར”སྐུལ་འདེད་གཏོང་ཆེད་རེད། ལོ་གཅིག་རིང་པར་ཙིར་གྱི་བཟོ་ལས་ཁྱབ་ཁོངས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། པར་ཙིར་གྱི་རྒྱལ་ཁབ་ས་ཁམས་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོར་པར་ཙིར་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་དུས་མཚུངས་ལས་3.1%འཕར་ཏེ་2023ལོའི་དུས་མཚུངས་ལས་འཕར་ཚད་0.1%གི་ཐོག་ནས་ཆེས་ཆེར་མཐོ་རུ་ཕྱིན་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་3.7%འཕར་ནས་ཕྱིར་གཏོང་བྱེད་འབོར་ཟིན་ཐོ་གསར་པ་བཏོད་པའི་ཨ་སྒོར་དུང་ཕྱུར་1819ཟིན་པ། སྤྱོད་གོ་ཆོད་པའི་འཛད་རྫས་10.6%འཕར་ནས་2017ལོ་ཚུན་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ། མ་རྩའི་དངོས་ཟོག་9.1%འཕར་ཡོད། པར་ཙིར་གྱི་རྒྱལ་ཁབ་ས་ཁམས་བསྡོམས་རྩིས་ཅུས་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་ཨན་ཏེ་ལེ.མཱ་སའེ་ཏུའོ་ཡིས་ངོ་སྤྲོད་བྱས་པར། 2024ལོར་པར་ཙིར་གྱི་བཟོ་ལས་ཕྱོགས་ཡོངས་ནས་རྒྱ་ཆེར་ཕྱིན་ཏེ་བསྡོམས་རྩིས་ཁྱབ་ཁོངས་ནང་གི་བཟོ་ལས་སྡེ་ཚན་25ཡི་ཁྲོད་20ལ་འཕར་རྒྱུ་མངོན་འགྱུར་བྱུང་ཡོད།

    བཟོ་ལས་འཕར་བ་དེས་པར་ཙིར་གྱི་སྤྱི་ཚོགས་ལ་ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་ཡོད། པར་ཙིར་གྱི“ལས་ཞུགས་དང་ལས་ཤོར་མི་སྣའི་བསྡོམས་འབོར་གྱི་ཐོ་འགོད་དེབ”ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་བཟོ་ལས་སྡེ་ཚན་གྱི་གསར་འཕར་ལས་ཞུགས་ལས་གནས་དུས་མཚུངས་ལས་146%འཕར་ཡོད། ད་ལོའི་ཟླ་དང་པོར་བཟོ་ལས་སྡེ་ཚན་ལ་ལས་ཞུགས་ལས་གནས་ཁྲི་7ལྷག་ཙམ་མུ་མཐུད་མང་དུ་ཕྱིན་ཏེ་པར་ཙིར་གྱི་སྤྱི་ཚོགས་ཡོངས་ཀྱི་གསར་འཕར་ལས་ཞུགས་ལས་གནས་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་50%ལྷག་ཙམ་ཟིན་ཡོད། “ང་ཚོར་བཟོ་ལས་ཀྱི་འཆར་གཞི་གསར་པའི་གྲུབ་འབྲས་ཐོབ་འགོ་ཚུགས་ཡོད”པར་ཙིར་གྱི་ཙུང་ཐུང་གཞོན་པ་དང་འཕེལ་རྒྱས་དང་། བཟོ་ལས། ཚོང་དོན། ཞབས་ཞུ་བཅས་པུའུ་ཡི་པུའུ་ཀྲང་ཨར་ཁེ་མིང་གིས“པར་ཙིར་གྱི་བཟོ་ལས་གསར་པའི”འཆར་གཞིའི་སྐུལ་འདེད་འོག་པར་ཙིར་གྱིས་དེ་བས་རྒྱུན་མཐུད་ཆོག་པའི་བཟོ་ལས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་མ་ཟད་ལག་རྩལ་གསར་གཏོད་དང་ཕྱིར་གཏོང་ནུས་པ་མཐོ་རུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་པར་ཙིར་མི་དམངས་ལ་ལས་ཞུགས་གོ་སྐབས་མང་པོ་བཏོད་ཡོད་ཅེས་བརྗོད།

    ད་ལོའི་ཟླ་2པར་པར་ཙིར་གྱིས་བསྡོམས་ལེ་ཡར་དུང་ཕྱུར་1129ཙམ་ཟིན་པའི་རྒྱལ་སྲུང་བཟོ་ལས་ཀྱི་མ་འཇོག་འཆར་གཞི་སྡེབ་གཅིག་ལ་དངོས་སུ་ཆོག་མཆན་སྤྲད་པ་དེ“པར་ཙིར་གྱི་བཟོ་ལས་གསར་པའི”འཆར་གཞིའི་ཁྲོད་རྒྱལ་སྲུང་ལག་རྩལ་གྱི་དམིགས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་སྤྱད་ཡོད། “རྒྱལ་སྲུང་བཟོ་ལས་ཀྱིས་པར་ཙིར་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད” པར་ཙིར་རྒྱལ་སྲུང་པུའི་པུའུ་ཀྲང་མུའུ་ཤིས་ཨའོ་ཡིས། ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་པར་ཙིར་གྱི་བཟོ་ལས་ཐོན་ནུས་སླར་གསོ་བྱེད་པར་གཞོལ་བ་དང“པར་ཙིར་གྱི་བཟོ་ལས་གསར་པའི”འཆར་གཞིས་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བའི་ཤུགས་རྐྱེན་ནི་གསལ་པོར་མངོན་ཐུབ་པ་ཞིག་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།