དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས་མིའི་རིགས་ཡར་ཐོན་ལ་སྐུལ་མ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-03-24

    གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་དར་སྤེལ་བཏང་སྟེ། ཤེས་དཔལ་མི་འདྲ་བའི་དབར་བསྟུན་མཁས་མཉམ་གནས་དང་སྤེལ་རེས་བྱས་ནས་ཕན་ཚུན་དཔྱད་གཞིར་འཛིན་པར་སྒུལ་ཤུགས་བསྣན་པ་མ་ཟད། ཤེས་དཔལ་གྱི་གླེང་མོལ་ལ་བརྟེན་ནས་དུས་རབས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་བློ་གྲོས་ཀྱི་བློ་སྒོ་ཡང་ཕྱེ་ཡོད།

    2023ལོའི་ཟླ་3ཚེས་15ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་དབར་གྱི་མཐོ་རིམ་གླེང་མོལ་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་ནས་འཛམ་གླིང་ལ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མིའི་རིགས་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་ཟོལ་མེད་ཀྱི་རེ་འབོད་གནང་ཡོད། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ཐོག་འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་དར་སྤེལ་བཏང་ནས་ཤེས་དཔལ་མི་འདྲ་བའི་དབར་བསྟུན་མཁས་མཉམ་གནས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྒུལ་ཤུགས་བསྣན་པ་མ་ཟད། ཤེས་དཔལ་གྱི་གླེང་མོལ་ལ་བརྟེན་ནས་དུས་རབས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་བློ་གྲོས་ཀྱི་བློ་སྒོ་ཡང་ཕྱེ་ཡོད། ན་ནིང་ཀྲུང་གོས་བཏོན་པའི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”འཛུགས་རྒྱུའི་གྲོས་ཆོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་གྲོས་མོལ་བྱས་ཏེ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་དེ་དུས་རབས་ཀྱི་རླབས་རྒྱུན་དང་དུས་རབས་ཀྱི་དགོས་མཁོ་དང་མཐུན་པ་དང་ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞི་ཉིན་བཞིན་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་དུ་གྱུར་པ་གསལ་བཤད་གང་ལེགས་ཐུབ་ཡོད།

    གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་གཏིང་ཟབ་པའི་རིན་ཐང་དེ་ཤེས་དཔལ་སྣ་མང་རང་བཞིན་མིའི་རིགས་ཡར་ཐོན་གྱི་རྒྱུན་མཐུད་སྒུལ་ཤུགས་སུ་བསྒྱུར་རྒྱུ་དེ་ཡིན། ཤེས་དཔལ་ཚང་མར་རྒྱལ་ཁབ་དང་མི་རིགས་ཤིག་གི་བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་ཐུབ་ཡོད་པས། མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་མི་རབས་ནས་མི་རབས་བར་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། དེ་བས་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་བྱེད་ཕོད་པ་བྱེད་དགོས། སྒོ་དབྱེ་བསྟུན་མཁས་རྒྱུན་འཁྱོངས་དང་ཤེས་དཔལ་ཐོག་ནས་གླེང་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཚེ། གཞི་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་མེ་ཏོག་ལྡུམ་ར་ཡུན་རིང་མཚར་སྡུག་ལྡན་པར་འགྱུར་རྒྱུར་ཐུན་མོང་ཐོག་སྲུང་སྐྱོབ་ཐུབ་སྟེ་ཡར་ཐོན་གྱི་བློ་རིག་དང་ནུས་པ་ཐོན་ཐུབ། “དེང་སྐབས་འཛམ་གླིང་ཐོག་ཤེས་དཔལ་མི་འདྲ་བའི་དབར་བསམ་ཤེས་དང་སྤེལ་རེས་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་དང་ཐུན་མོང་གི་བྱ་སྤྱོད་ནི་དེ་བས་འགག་རྩ་ཞིག་རེད” ཁ་རེ་ཤེ་ཡའི་ཙུང་ཐུང་ཟུར་པ་དབྱི་ཝོ·གཡོད་ཤིས་པོ་ཝུའེ་ཆིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོས་རྒྱལ་ཁབ་ཁག་དབར་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཡོད་ཅེས་བརྗོད།

    དེང་རབས་ཅན་གྱི་བགྲོད་ལམ་གདམ་གས་ཤེས་དཔལ་འཕེལ་རྒྱས་ཀྱི་རིན་ཐང་གི་ཚད་གཞི་གཏན་འཁེལ་བྱེད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་གྱི་གྲུབ་འབྲས་ལས། དེང་རབས་ཅན་དུ་བསྐྱོད་སའི་བགྲོད་ལམ་གཅིག་ཁོ་ན་ཙམ་ལས་མེད་པ་ཞིག་མིན་པར། རྒྱལ་ཁབ་ཁག་ལ་རང་ཉིད་ཀྱི་རྒྱལ་བབ་ལ་གཞིགས་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་པའི་དབང་ཆ་ཡོད་ལ་ནུས་པ་ཡང་ཡོད་པ་གསལ་བཤད་བྱས་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་ངང་གདམ་ག་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

    འདི་ལོའི་ཟླ་6ཚེས་10ཉིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ་ཐོག་མར་རྟེན་འབྲེལ་བྱ་རྒྱུ་རེད། གྲོས་འགོ་འདོན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་ཧུར་ཐག་སྤེལ་ཏེ་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་གྱི་གླེང་མོལ་བརྒྱུད་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།