ཉིང་པོའི་ཀྲོའུ་ཧྲན་ཅིན་ཐང་གྲུ་ཁའི་ཁུལ་གྱི་རྒྱལ་སྤྱིའི་མཚོ་ཐོག་ལམ་ཐིག་50ལས་བརྒལ་བ།
ཟླ་3ཚེས་6ཉིན། “ཀྲུང་ཡོན་ཝ་ལུན་ཞི་ཡཱ”གྲུ་གཟིངས་ཉིང་པོའི་ཀྲོའུ་ཧྲན་ཅིན་ཐང་གྲུ་ཁའི་ཁུལ་གྱི་ཏ་ཕུའུ་ཁོའུ་དོས་སྒམ་གྲུ་ཁའི་གྲུ་ཚུགས་ཨང་5པར་དལ་བུར་བཅར་ཏེ“ཀྲུང་གོས་བཟོས་པའི”ཚད་ལྡན་སྒམ་926གི་དངོས་ཟོག་བླུགས་ནས་ལྷོ་ཨ་ཧྥེ་རི་ཁ་སོགས་ལམ་རྒྱུད་རྒྱལ་ཁབ་ཏུ་དབོར་རྒྱུ་ཡིན་པ་དེ་ཐོག་ནས་ཀྲུང་གོ་རྒྱང་རིང་རྒྱ་མཚོའི་སྐྱེལ་འདྲེན་དང་དབྱི་ཤིང་ཕྱོགས་བསྡུས་མཚོ་ཐོག་སྐྱེལ་འདྲེན་ལྷོ་ཨ་ཧྥེ་རི་ཁའི་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་སྟེ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་མཚོན་ཡོད། ད་བར་ཉིང་པོ་ཀྲོའུ་ཧྲན་ཅིན་ཐང་གྲུ་ཁའི་ཁུལ་གྱི་རྒྱལ་སྤྱིའི་མཚོ་ཐོག་ལམ་ཐིག་50ལས་བརྒལ་ཡོད།