དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔྱིད་རྨོད་དཔྱིད་གྲབས་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ།

    རྒྱལ་ཡོངས་སུ་དཔྱིད་འདེབས་འབྲུ་རིགས་མུའུ་ཁྲི་3500ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-24

    གསར་འགོད་པར་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་ལྷོ་ནུབ་རྒྱུད་དང་། འབྲི་ཆུའི་དབུས་སྨད་རྒྱུད་དུ་སྙེ་ཚིགས་ཐོནའགོ་ཚུགས་པ། ཧོང་ཧོའེ་ཧའེ་དང་ནུབ་བྱང་རྒྱུད་དུ་ལོ་ཏོག་སྔོ་ལོག་རྒྱག་དུས་སུ་སླེབས་པ། ལྷོ་ནུབ་ཀྱི་དགུན་འདེབས་པད་ཁ་མང་ཆེ་བ་མེ་ཏོག་བཞད་པའི་དུས་སུ་སླེབས་པ། འབྲི་ཆུའི་དབུས་སྨད་རྒྱུད་དུ་མེ་ཏོག་པད་ཁ་བཞད་པའི་དུས་སུ་རིམ་གྱིས་སླེབས་ཡོད་པ་རེད། རྒྱལ་ཡོངས་ཀྱི་དགུན་གྲོའི་རིགས་དང་པོ་དང་གཉིས་པའི་ལྗང་པའི་བསྡུར་ཚད་89.7%ཟིན་པ་དང་། དགུན་འདེབས་པད་ཁའི་རིགས་དང་པོ་དང་གཉིས་པའི་ལྗང་པའི་བསྡུར་ཚད་87.6%ཟིན་ནས་རྒྱུན་གཏན་ལས་བཟང་བ་ཡོད་པ་རེད།

    ཟླ་3ཚེས་21ཉིན་གྱི་ཞིང་ལས་གནས་ཚུལ་བཀོད་གཏོང་བྱས་པ་གཞིར་བཟུང་། རྒྱལ་ཡོངས་སུ་དཔྱིད་འདེབས་བྱས་པའི་འབྲུ་རིགས་མུའུ་ཁྲི་3500(ཞིང་ཁ་ཆེ་གྲས་ལ་བཏབ་པའི་རྒྱ་ཁྱོན། འབྲས་ལྗང་གསོ་བ་མི་ཚུད་པ)ལྷག་ཙམ་ཟིན་ནས་འདོད་མཐུན་རྒྱ་ཁྱོན་གྱི་4%ཙམ་ལེགས་གྲུབ་ཟིན་ཏེ་མྱུར་ཚད་ལོ་གོང་མ་དང་སྤྱིར་ན་མཚུངས་ཀྱི་ཡོད། དེའི་ནང་ཞོག་ཁོག་འདེབས་འཛུགས་བྱེད་ཚད་བཅུ་ཆ་གསུམ་ཙམ་ཟིན་པ་དང་དཔྱིད་གྲོ་འདེབས་ཚད་བཅུ་ཆ་གཅིག་ལྷག་ཙམ་ཟིན་པ། དཔྱིད་འདེབས་ཨ་ཤོམ་2%ཟིན་ཡོད། སྔ་སྨིན་འབྲས་ཀྱི་ལྗང་པ་གསོ་ཚད་ཕྱེད་ཀ་ཡན་ཟིན་པ་དང་ལྗང་པ་འཛུགས་ཚད་བཅུ་ཆ་གཅིག་ཙམ་ཟིན་ཞིང་། དེའི་ནང་ཧའེ་ནན་དུ་ལྗང་པ་གསོ་ཚད་བཅུ་ཆ་བརྒྱད་ལྷག་ཙམ་དང་ལྗང་པ་འཛུགས་ཚད་བཅུ་ཆ་བདུན་ལྷག་ཙམ་ཟིན་པ་དང་། ཀོང་ཏུང་དུ་ལྗང་པ་གསོ་ཚད་བཅུ་ཆ་བརྒྱད་ལྷག་ཙམ་དང་ལྗང་པ་འཛུགས་ཚད་བཅུ་ཆ་གཉིས་ལྷག་ཙམ་ཟིན་པ། ཀོང་ཤིས་སུ་ལྗང་པ་གསོ་ཚད་བཅུ་ཆ་བརྒྱད་ལྷག་ཙམ་དང་ལྗང་པ་འཛུགས་ཚད་བཅུ་ཆ་གཅིག་ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།