དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    《ཚོང་དོན་སྲིད་ཇུས་ཀྱི་སྲོལ་མཐུན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-03-24

    ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚོང་དོན་སྲིད་ཇུས་ཀྱི་སྲོལ་མཐུན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པའི་དམིཌ་ཡུལ་ནི་རྒྱལ་སྤྱིའི་ཤར་བགྲོད་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པའི་སྲོལ་མཐུན་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད་རེད།

    《བསམ་འཆར》ནང་ཚོང་དོན་སྲིད་ཇུས་ཀྱི་སྲོལ་མཐུན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པ། ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ། ལམ་སྲོལ་ལ་བརྟེན་ནས་འགན་སྲུང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་སྒྲིག་སྲོལ་སྤྱད་དེ་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་འགོག་སེལ་ནུས་ལྡན་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་ཆེད་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་ཡོད།

    《བསམ་འཆར》ནང་སྲོལ་མཐུན་ཚོད་སྐོར་བྱེད་རྒྱུ་དེ་ཚོང་དོན་སྲིད་ཇུས་མ་བཏོན་གོང་གི་དགོས་ངེས་ཀྱི་སྔོན་སྒྲུབ་ལྷུ་ཚིགས་ཤིག་ཏུ་བརྩི་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་དང་།རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཚན་གྱིས་ཚོང་དོན་སྲིད་ཇུས་གཏན་འབེབས་བྱེད་པའི་རིང་ལ“སུས་གཏན་འབེབས་བྱས་ན་དེས་ཚོད་སྐོར་བྱེད་པའི”རྩ་དོན་ལྟར། འདོན་རྩིས་ཡོད་པའི་སྲིད་ཇུས་བྱེད་ཐབས་དེ་སྒྲིག་སྲོལ་དང་མཐུན་མིན་ཚོད་སྐོར་བྱས་ནས། དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་ཀྲུང་གོ་ཞུགས་རྒྱུའི་ཁས་ལེན་དང་མཐུན་པར་བྱེད་དགོས་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་གཞན་དག་གིས་རང་རྒྱལ་གྱི་ཚོང་དོན་སྲིད་ཇུས་ལ་སྲོལ་མཐུན་དོ་ཁུར་བྱེད་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་གིས་ཕྱི་ཕྱོགས་ལ་ལན་འདེབས་པ་དང་འབྲེལ་ཡོད་རྗེས་མཐུད་ལས་དོན་ཡག་པོ་སྒྲུབ་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་གཞན་དག་གིས་རང་རྒྱལ་ལ་སྤྱད་པའི་སྒྲིག་འགལ་བྱེད་ཐབས་ཐད། ཚོང་དོན་པུས་སྣེ་ཁྲིད་ནས་གྲོས་བསྡུར་དང་གྲོས་མོལ་ཧུར་ཐག་བྱས་ཏེ་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། སྲོལ་མཐུན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསོ་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། དུས་བཀག་གསོ་སྦྱོང་དང་ལས་དོན་སྤེལ་རེས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཚོང་དོན་སྲིད་ཇུས་ཀྱི་སྲོལ་མཐུན་མ་ལག་སོགས་ལས་སྟེགས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་སྲོལ་མཐུན་ཚོད་སྐོར་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། དེ་བཞིན་སྲོལ་མཐུན་ལྟ་སྐུལ་དང་སྐུལ་ལྕག་ལ་ཤུགས་སྣོན་བརྒྱབ་སྟེ། བླང་བྱ་ལྟར་སྲོལ་མཐུན་ལས་དོན་སྤེལ་མེད་པར་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་སྐུལ་མ་གཏོང་དགོས་པ་དང་། མཇུག་འབྲས་ངན་པ་ཐོན་པའི་རིགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས། སྲོལ་མཐུན་ལས་དོན་ཅུང་ཡག་པོ་སྤེལ་བའི་སྡེ་ཚན་ལ་བསྔགས་སྐུལ་དང་དེ་བཞིན་ཉམས་མྱོང་དང་བྱེད་སྟངས་ཡག་པོ་ཕྱོགས་སྡོམ་བྱས་ནས་ཁྱབ་སྤེལ་གཏོང་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།