དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐེངས་གསུམ་པ་བདེ་བླག་ངང་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-24

    འདི་ནི་ཟླ་3ཚེས་21ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བརྒྱབ་པའི་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེས་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གྲུ་ཚང་ཕྱི་རོལ་དུ་ལས་ཀ་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གྱི་དགོང་མོར། ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐེངས་གསུམ་པ་བདེ་བླག་ངང་གཉེར་བ་དང་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་སའི་གོ་ལར་ལོག་རྒྱུ་ཡིན་པ་རེད། ཉིན་དེའི་ཆུ་ཚོད་20དང་སྐར་མ་50ཡི་ཐོག་ཆུ་ཚོད་7ཙམ་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་སྤེལ་བ་བརྒྱུད། ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་ལག་པ་དང་ས་ངོས་ཚན་རིག་ཞིབ་འཇུག་པའི་གཞོགས་འདེགས་དང་རྒྱབ་སྐྱོར་འོག་བར་སྣང་ས་ཚིགས་ཀྱི་བར་སྣང་སིལ་ཧྲུག་འགོག་སྲུང་སྒྲིག་ཆས་དང་གྲུ་ཚང་ཕྱི་རོལ་གྱི་རམ་འདེགས་སྒྲིག་ཆས་སྒྲིག་སྦྱོར། གྲུ་ཚང་ཕྱི་རོལ་གྱི་སྒྲིག་ཆས་དང་སྒྲིག་བཀོད་སྐོར་ཞིབ་སོགས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཡོད།

    ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་གིས་ངོ་སྤྲོད་བྱས་པར། གྲུ་ཚང་ནས་ཕྱིར་དོན་པའི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེ་དང་སུང་ལིང་ཏུང་བདེ་འཇགས་ངང་མཁའ་འདྲི་ཚོད་ལྟ་ཚང་དུ་ལོག་པ་དང་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད་པ་རེད། འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེ་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐེངས་ལྔ་ལེགས་སྒྲུབ་བྱུང་ནས་མིག་སྔར་གྲུ་ཚང་ཕྱི་རོལ་དུ་ལས་འགན་སྒྲུབ་ཐེངས་མང་ཤོས་ཀྱི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་གྱུར་ཡོད།

    མིག་སྔར་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གི“བར་སྣང་དུ་ལས་དོན་སྒྲུབ་པའི་འགྲུལ་བཞུད”ཟླ་བ་ལྔ་ལ་ཉེ་བ་ཕྱིན་པ་དང་། བར་སྣང་ཚན་རིག་གི་ཚོད་ལྟའི་ལས་འགན་ཁག་བདེ་བླག་ངང་སྒྲུབ་བཞིན་ཡོད་པ་རེད། འཆར་གཞི་ལྟར་ན། ཚོགས་ཆུང་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་སའི་གོ་ལའི་ཁྱིམ་གཞིས་སུ་ལོག་རྒྱུ་ཡིན་པ་རེད།

    འདི་ནི་ཟླ་3ཚེས་21ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བརྒྱབ་པའི་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེ(གཡས) དང་སུང་ལིང་ཏུང་གིས་གྲུ་ཚང་ནས་ཕྱིར་དོན་རྩིས་བྱེད་བཞིན་པ།

    འདི་ནི་ཟླ་3ཚེས་21ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་མཁའ་སྐྱོད་ཚོད་འཛིན་ལྟེ་གནས་ནས་པར་བརྒྱབ་པའི་ལྷ་གྲུ་ཨང་བཅུ་དགུ་པའི་མཁའ་སྐྱོད་པ་ཝང་ཧའོ་ཙེ་ཡིས་བར་སྣང་ས་ཚིཌ་ཀྱི་སྡེབ་སྒྲིག་གྲུ་ཚང་དུ་ལས་ཀ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།