དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི་གཙོ་གནད་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་ལྷོ་བྱང་དཀྱིལ་ཐིག་ལས་གྲྭ་དུས་ཐེངས་གཉིས་པ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-24

    ཚེས་21ཉིན་རྒྱལ་ཁབ་ཀྱི་གཙོ་གནད་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཡིན་པའི། བར་སྣང་ཁོར་ཡུག་གི་རྨང་གཞིའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བར(ལྷོ་བྱང་དཀྱིལ་ཐིག་ལས་གྲྭ་དུས་ཐེངས་གཉིས་པ)རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་ཤིང་། དེ་ནི་རང་རྒྱལ་གྱིས་བསྐྲུན་པའི་རྒྱལ་སྤྱིའི་ཐོག་གི་ཉི་མ་དང་ས་གཞིའི་དབར་གྱི་བར་སྣང་འཁོར་རྒྱ་ཧྲིལ་པོའི(ཉི་མའི་རླུང་དང་། རྡོ་ཁབ་ལེན་གྱི་བང་རིམ། གློག་རྡུལ་བང་རིམ། མཐོ་འབྲིང་རླུང་ཁམས་ཆེན་པོའི་བང་རིམ་བཅས་ཀྱི་རིམ་པ)ཕྱོགས་བསྡུས་རང་བཞིན་གྱི་བར་སྣང་ཁོར་ཡུག་གྱི་རྨང་གཞིར་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་ཆས་ཐོག་མ་ཡིན་པ་ལས། རང་རྒྱལ་གྱི་བར་སྣང་ཁོར་ཡུག་གི་རྨང་གཞིར་ལྟ་ཞིབ་ཚད་ལེན་བྱེད་ནུས་འཛམ་གླིང་གི་སྔོན་ཐོན་གནས་བབ་ཏུ་སླེབས་ནས་གོ་ལ་ཧྲིལ་པོའི་བར་སྣང་གནམ་གཤིས་ཞིབ་འཇུག་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཐུབ་རྒྱུ་ཡིན་པ་མཚོན་ཡོད།

    ལྷོ་བྱང་དཀྱིལ་ཐིག་ལས་གྲྭ་དུས་ཐེངས་གཉིས་པ་ནི། 2019ལོའི་ཟླ་བཅུ་གཅིག་པར་ལས་འགོ་བརྩམས་ནས་རང་རྒྱལ་གྱི་བར་སྣང་གནམ་གཤིས་སྔོན་བརྡ་གཏོང་བ་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ཞབས་ཞུར་འགག་རྩའི་རང་རྟེན་གྲངས་གཞི་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།