རང་རྒྱལ་གྱི་མེ་ཏོག་འདེབས་འཛུགས་ཁེ་ལས་ཀྱི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་5200ལྷག་ཙམ་ཟིན་པ།
གནམ་གཤིས་ཀྱི་འགྱུར་ལྡོག་ཆེ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལས་ཡུན་ནན་ལ་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་ལྡན་པ་མ་ཟད་དེས་གོ་ལ་ཧྲིལ་པོའི་མེ་ཏོག་ཐོན་ལས་ཁྲོད་བཟུང་བའི་མངོན་གསལ་དོད་པའི་གནས་བབ་ཀྱང་བཏོད་ཡོད། འཛམ་གླིང་གི་མེ་ཏོག་ཐོན་ཁུལ་གཙོ་བོ་ཆེ་གྲས་གསུམ་པའི་གྲས་ཤིག་དང་ཨེ་ཤེ་ཡའི་མེ་ཏོག་སོས་པ་ཉོ་ཚོང་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་ཡིན་པའི་ཡུན་ནན་གྱི་མེ་ཏོག་སོས་པས་རྒྱལ་ནང་གི་ཁྲོམ་རའི་70%བཟུང་ཡོད། 2024ལོར་ཡུན་ནན་ཞིང་ཆེན་གྱི་མེ་ཏོག་སོས་པའི་འདེབས་ཁྱོན་མུའུ་ཁྲི་35ཟིན་པ་དང་། ཐོན་ཚད་རྐང་དུང་ཕྱུར་206ཟིན་པ། ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་23.8%འཕར་ཡོད་པ་རེད།
རང་རྒྱལ་ནི་འཛམ་གླིང་གི་མེ་ཏོག་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། ཀྲུང་གོའི་མེ་ཏོག་མཐུན་ཚོགས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་ཀྱི་མེ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི་138.99ཟིན་ནས་སྡོང་ཕྲུག་དང་། མེ་ཏོག་སོས་པ་ཁོག་མར་འདེབས་པའི་རྩི་ཤིང་བཅས་ཀྱི་ཐོན་སྐྱེད་རྒྱ་ཁྱོན་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་མེ་ཏོག་ཁང་ནའེ་ཤིན་དང་མེ་ཏོག་པའེ་ཧོའི་སོགས་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་དང་དེ་བཞིན་རྒྱ་སེ་མེ་ཏོག་དང་ལུག་མིག་མེ་ཏོག་སོགས་ཐོན་སྐྱེད་རྒྱལ་ཁབ་ཆེ་གྲས་གཉིས་པའང་རེད། མེ་ཏོག་ཐོན་ལས་ཀྱི་ལས་ཞུགས་མི་གྲངས་ཁྲི་534ལས་བརྒལ་བ་དང་དེའི་ནང་མེ་ཏོག་འདེབས་མཁན་ཞིང་དུད་ཁྲི་180ཙམ་ཟིན་ཡོད། རང་རྒྱལ་ལ་ད་ཡོད་མེ་ཏོག་འདེབས་འཛུགས་ཁེ་ལས་ཁྲི་22ཙམ་ཡོད་པ་དང་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་5200ལྷག་ཙམ་ཟིན་ཡོད།