དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ན་ནིང་གི་ཐོན་རྫས་ཕྱིར་འགུག་བྱས་ཚུལ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-24

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཉིན་ཤས་གོང་བརྡ་ཁྱབ་བཏང་ནས་2024ལོའི་རང་རྒྱལ་གྱི་ཐོན་རྫས་ཕྱིར་འགུག་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

    རླངས་འཁོར་ཕྱིར་འགུག་བྱས་ཚུལ་ཐད། 2024ལོར་རང་རྒྱལ་གྱིས་བསྡོམས་རླངས་འཁོར་ཐེངས་233ཕྱིར་འགུག་བྱས་པ་དེ་རླངས་འཁོར་ཁྲི་1123.7དང་འབྲེལ་བ་ཡོད་པ་དང་། ལོ་གོང་མ་ལས་8.9%དང་67.0%སོ་སོར་འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཐེངས་89ཕྱིར་འགུག་བྱས་པ་དེ་རླངས་འཁོར་ཁྲི་449.1དང་འབྲེལ་བ་ཡོད་ཅིང་། དུས་མཚུངས་ལས་180.1%འཕར་ཡོད་པ་དེས་ལོ་ཧྲིལ་པོའི་ཕྱིར་འགུག་བསྡོམས་འབོར་གྱི་40.0%ཟིན་ཡོད། རྒྱང་བསྟེན་རིམ་སྤོར(OTA)གྱི་བྱེད་སྟངས་བརྒྱུད་ཐེངས་19ཕྱིར་འགུག་བྱས་པ་དེ་རླངས་འཁོར་ཁྲི་406.8དང་འབྲེལ་བ་ཡོད་པ་དང་དུས་མཚུངས་ལས་246.8%འཕར་ཞིང་། OTAནི་རླངས་འཁོར་ཕྱིར་འགུག་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་ཧྲིལ་པོར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ལྟ་སྐུལ་ཤུགས་རྐྱེན་འོག ཕྱིར་འགུག་ཐེངས་26བྱས་པ་དེ་རླངས་འཁོར་ཁྲི་567.2དང་འབྲེལ་བ་ཡོད་པ་དང་། དེ་དུས་མཚུངས་ལས་42.0%འཕར་ནས་ལོ་ཧྲིལ་པོའི་ཕྱིར་འགུག་བསྡོམས་འབོར་གྱི་50.5%བཟུང་ཡོད་པ་རེད།

    ན་ནིང་གི་ལོ་མཇུག་བར། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་བསྡོམས་རླངས་འཁོར་ཐེངས་3075ཕྱིར་འགུག་བྱས་པ་དེ་རླངས་འཁོར་དུང་ཕྱུར་1.14དང་འབྲེལ་བ་ཡོད་པ་རེད།

    འཛད་རྫས་ཕྱིར་འགུག་བྱས་པའི་ཐད། 2024ལོར་རང་རྒྱལ་གྱིས་བསྡོམས་འཛད་རྫས་ཐེངས་1100ཕྱིར་འགུག་བྱས་པ་དེ་ལོ་གོང་མ་ལས་42.7%འཕར་བ་དང་། ཐོན་རྫས་ཁྲི་454.3དང་འབྲེལ་བ་ཡོད་པ་དེ་ལོ་གོང་མ་ལས་56.4%ཆག་ཡོད། ལོ་ཧྲིལ་པོར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་བརྟག་དཔྱད་ཤུགས་རྐྱེན་འོག་ཕྱིར་འགུག་ཐེངས་1031བྱས་པ་དེ་ཐོན་རྫས་ཁྲི་191.1དང་འབྲེལ་བ་ཡོད་པ་དང་། དེས་ཕྱིར་འགུག་ཐེངས་གྲངས་ཀྱི་བསྡོམས་འབོར་དང་ཕྱིར་འགུག་བསྡོམས་འབོར་གྱི་93.7%དང་42.1%སོ་སོར་བཟུང་ཡོད། སྐྱོན་ཆར་བརྟག་དཔྱད་བྱེད་པ་ནི་སྔར་བཞིན་འཛད་རྫས་ཐོན་སྐྱེད་ཁེ་ལས་ཀྱི་ཕྱིར་འགུག་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་ཞིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།