དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འདོད་མོས་མཉམ་ལས་མ་དངུལ་སྒོར་དུང་ཕྱུར་30.6བཏང་ནས་མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-23

    ●2024ལོའི་ལོ་སྨད་ནས་བཟུང་། ཞིང་ཆེན་བཟོ་འཕྲིན་ཐིང་གིས“ཁེ་ལས་ལ་བསྐྱོད་ནས་ཞབས་འདེགས་དང་ས་གནས་ས་ཐོག་ཏུ་ལས་དོན་སྒྲུབ་པའི”བྱ་སྤྱོད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཞིང་། 2024ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2069.12ཟིན་པ་དེ་དུས་མཚུངས་ལས་5.84%འཕར་བ་དང་། བཟོ་ལས་དངུལ་བུན་ལྷག་གྲངས་ཀྱིས་དངུལ་བུན་ཁག་གི་ལྷག་གྲངས་ཀྱི་26.42%བཟུང་བས་སྤྱི་ཡོངས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཁོར་སྐྱོད་ཀྱི་ཆེད་དོན་བཀོད་གཏོང་ཐེངས་ལྔ་པ་དང་དངུལ་རྩས་བཟོ་འཕྲིན་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་འབྲེལ་སྦྱོར་ཚོགས་འདུའི་ཐོག་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་11དང་བཟོ་ལས་ཁེ་ལས་27དབར་སྒོར་དུང་ཕྱུར་30.6ཡི་འདོད་མོས་ཡིད་རྟོན་དངུལ་བུན་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་མཆོང་སྐྱོད་ལྟ་བུའི་འགུལ་ཤུགས་བསྣན་ནས་ལོ་ཧྲིལ་པོའི་བཟོ་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་མ་དངུལ་གྱི་འགན་ལེན་བྱས།

    2024ལོའི་ལོ་སྨད་ནས་བཟུང་། ཞིང་ཆེན་བཟོ་འཕྲིན་ཐིང་གིས“ཁེ་ལས་ལ་བསྐྱོད་ནས་ཞབས་འདེགས་དང་ས་གནས་ས་ཐོག་ཏུ་ལས་དོན་སྒྲུབ་པའི”བྱ་སྤྱོད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། འགན་འཁྲི་ནན་དུ་བཏང་ནས་ཇུས་བསྟར་གནད་སྨིན། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “ཁེ་ལས་རེར་སྲིད་ཇུས་རེ་དང་ལས་རིགས་རེར་གསལ་ཐོ་རེ”གཞིར་བཟུང་དམིགས་སའི་རང་བཞིན་གྱི་བྱེད་ཐབས་གྲུབ་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་མ་དངུལ་བསྡུ་སྒྲིལ་གནད་དོན་ཐག་གཅོད་བྱས་པས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། 2024ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2069.12ཟིན་པ་དེ་དུས་མཚུངས་ལས་5.84%འཕར་བ་དང་། བཟོ་ལས་དངུལ་བུན་ལྷག་གྲངས་ཀྱིས་དངུལ་བུན་ཁག་གི་ལྷག་གྲངས་ཀྱི་26.42%བཟུང་བས་སྤྱི་ཡོངས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།