དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འབུམ་རམས་པས་བོད་རིགས་གྲོང་སྡེ་ཕྱུག་འགྱུར་ལམ་དུ་ཁྲིད་པ།

    ——2023ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་འདེམས་གཏོང་བྱས་པའི་དབྱིན་ཝེ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཡུས་ཡིང་།   |     སྤེལ་དུས།  2025-03-23

    “འབུམ་རམས་པ་དབྱིན་ཝེ་ཕྱག་ཕེབས་གནང་བྱུང” “ནང་ལ་ཕེབས་དང” “ད་དུང་ཁྱེད་ལ་སུན་པོ་བཟོ་དགོས་འཁེལ་སོང”ཞེས་ཟླ་2ཚེས་20ཉིན་གསར་འགོད་པ་འབུམ་རམས་པ་དབྱིན་ཝེ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་བ་བཟའ་བོད་རིགས་ཤང་བཀྲ་ཤིས་འཁྱིལ་གྲོང་ཚོར་སྐྱོད་སྐབས། ཁོང་གྲོང་ཚོ་དེར་འབྱོར་མ་ཐག་ཡུལ་མི་ཀུན་གཡང་མཚོ་སྐྱིད་ཀྱིས་སེམས་རྩ་འཁོལ་པོས་སྣེ་ལེན་བྱས།

    ཀུན་གཡང་མཚོ་སྐྱིད་ཀྱིས་རྟག་ཏུ་ཤོད་བཞིན་པའི“འབུམ་རམས་པ་དབྱིན་ཝེ”ནི་བཀྲ་ཤིས་འཁྱིལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཞིག་ཡིན་པ་དང་། ཁོང་མཚོ་སྔོན་སློབ་ཆེན་ཞིང་ལས་རིག་པའི་འབུམ་རམས་ཞིབ་འཇུག་སློབ་མ་ཞིག་རེད། 2023ལོར་འབུམ་རམས་པའི་སློབ་གནས་བླངས་མ་ཐག་པའི་ཁོང་འདེམས་གཏོང་རྒྱུགས་འཕྲོད་དེ་མཐར་དགུན་ལུང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་སུ་བཏང་བ་དང་། དེ་ནས་བ་བཟའ་བོད་རིགས་ཤང་བཀྲ་ཤིས་འཁྱིལ་གྲོང་ཚོར་ལས་གནས་ཁུར་བར་འོང་།

    2024ལོའི་ཟླ་བཞི་པར། དབྱིན་ཝེ་སླར་ཡང་ཞིང་ཨུད་རྩ་འཛུགས་པུས་བཀྲ་ཤིས་འཁྱིལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིར་བསྐོས། དབྱིན་ཝེ་ཡིས“ང་དང་དགུན་ལུང་གི་བྱང་རི་ལས་འབྲེལ་འདུག འབུམ་རམས་པ་སློབ་སྦྱོང་བྱེད་པའི་ལོ་གཉིས་པར་ང་རང་སློབ་གྲོགས་ཚོ་དང་མཉམ་དུ་འདི་གར་རི་སྐྱེས་རླམ་རྩྭ་ཕོ་སུལ་འཐུ་བར་འོང་མྱོང་། སློབ་གྲྭ་མཐར་ཕྱིན་ནས་སླར་ཡང་འདིར་འོང་སྐབས། ང་རང་སློབ་མ་ཞིག་ནས་གྲོང་སྡོད་ལས་དོན་རུ་མི་ཞིག་ཏུ་གྱུར་བས། སླེབས་ཙམ་སྐབས་ད་དུང་མི་འཕྲོད་པ་འོང་གི་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    རྩོད་གཞི་འདུམ་པ་དང་། སྲིད་ཇུས་གསལ་འགྲེལ། གོང་ཞུས་གཤམ་བསྒྲགས་སོགས་གོང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་གསལ་འགྲེལ་བྱེད་པ་ནས་འོག་མི་སེར་གྱི་འདུན་པ་ཆུང་ཙག་སྒྲུབ་པའི་བར་གྲོང་སྡོད་ལས་དོན་རུ་མིའི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། དབྱིན་ཝེ་ཡིས་ཀྱང་ཉིན་ལྟར་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་དབྱི་ཏེ་ཚའེ་དང་མཉམ་དུ་དུད་ཚང་སོ་སོར་བསྐྱོད་པ་ན་ཚང་མས་གྲོང་ཚོར“འབུམ་རམས་པ”སླེབས་པ་ཤེས་ཀྱི་ཡོད། ཁོང་རིམ་བཞིན་ཡུལ་མི་དང་འདྲིས་པ་དང་བློ་ཁ་ཉེ་རུ་སོང་རྗེས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་གཏོང་འགོ་བརྩམས།

    བཀྲ་ཤིས་འཁྱིལ་གྲོང་ཚོར་དུད་ཚང་133དང་མི་གྲངས་487ཡོད། དེ་ནི་གྲོང་ཚོ་ཆུང་ངུ་ཞིག་ཡིན་པ་དང་། ས་ཁྱོན་ཆེ་ནའང་རྨོ་ཞིང་སྤྱི་ཆིང་68.47ལས་མེད་པས། ས་ཞིང་ཆུང་ཆུང་འདི་འདྲར་ལས་ཀ་བྱ་རྒྱུ་ཅི་ཡོད་སྙམ་སྲིད།

    “སྨན་རྒྱུ་བཏབ་ན་ལེགས་སམ” “ཡང་ན་སྔོ་ཚལ་བཏབ་ན་ལེགས”ཞེས་གྲོང་སྡོད་ལས་དོན་རུ་ཁག་དང“གྲོང་ཚོ་ཨུ་ལྷན་གཉིས”ཀྱི་ལས་དོན་པས་བསམ་བློ་ཡང་ཡང་བཏང་མཐར་ཐབས་བཟང་ཞིག་རྙེད་པ་ནི་ལུག་མཉེ་འདེབས་རྒྱུའི་སེམས་ཐག་བཅད།

    ལུག་མཉེ་འདེབས་པའི་ས་རྒྱུར་རླུང་འགྲོ་ཡག་པོ་དང་། ས་རྒྱུ་མཐུག་པོ་དགོས་པའི་ཁར་ས་སོབ་སོབ་བཟོ་དགོས་པ་མ་ཟད། བཞའ་ཚན་དང་ཆུ་འབུད་ཐུབ་པའི་བྱེ་ས་བྱུང་ཚེ་ཡག་ཤོས་ཡིན་པས། བ་བཟའ་ཤང་ལ་མི་ཉུང་ཞིང་རི་མང་བ་དང་། ཆུ་འབེལ་བ་དེས་ལུག་མཉེ་འདེབས་རྒྱུར་འཚམ་པོ་ཡོད།

    ཐོག་མའི་འཆར་གཞི་ལྟར་དབྱིན་ཝེ་ཡིས་འཕྲལ་མར་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་དང་འབྲེལ་བ་བྱས་ནས་རང་ཉིད་ཀྱི་འབྲེལ་བ་སྤྱད་དེ་གྲོང་ཚོར་ལུག་མཉེའི་སོན་རྒྱ་མ་བཅུ་ཁྱེར་འོང་ནས་གྲོང་ཚོའི་མུའུ་1གི་སར་ཚོད་འདེབས་བྱས་ཤིང་། དབྱི་ཏེ་ཚའེ་ཡིས་ཁ་པར་ནས་ལུག་མཉེ་འདེབས་པའི་པར་རིས་བཙལ་ནས“དཔྱིད་ཀ་ཚོད་འདེབས་བྱས་པའི་ལུག་མཉེ་ཟླ་བཅུ་པར་སྐྱེ་ཚུལ་ཡག་པོ་བྱུང་བས། ད་ལོར་སླར་ཡང་མུའུ་10ཚོད་འདེབས་བྱས་ནས་འབྲས་བཟང་སྨིན་ཚེ་ཁྱབ་གདལ་གཏོང་རྩིས་ཡོད། ལུག་མཉེར་སྣ་ཁ་མང་པོ་ཡོད་པས། ལ་ལ་ཟས་སུ་སྤྱོད་པ་དང་། ཁག་ཅིག་སྨན་རྒྱུར་གཏོང་ཆོག ཁྲོམ་རའི་རིན་གོང་ལ་རྒྱ་མ་རེར་སྒོར་25ནས་35བར་རེད། གལ་སྲིད་ཚོད་འདེབས་ལེགས་གྲུབ་བྱུང་ཚེ་གྲོང་ཚོའི་ས་ཞིང་མུའུ་རེ་ནས་ཡོང་འབབ་སྒོར་15000ཙམ་ཡོང་གི་རེད”ཅེས་བརྗོད།

    ལེ་ཧྥ་ཐིང་ནི་གྲོང་ཚོའི་རྩིས་པ་ཡིན་ཞིང་། ཁོང་གིས“ན་ནིང་། འབུམ་རམས་པ་དབྱིན་ཝེ་ཡིས་ང་རང་ཀྲུང་གོ་ཚན་རིག་ཁང་གི་གྲང་ཁུལ་དང་ཐན་ཁུལ་གྱི་ཁོར་ཡུག་དང་ལས་གྲྭ་ཞིབ་འཇུག་སུའོ་རུ་ཁྲིད་ནས། དེ་གའི་ལུག་མཉེའི་ལྗང་པ་འདེབས་གསོ་དང་། གདམ་གསེས། གཡོག་བྱེད། བྲིན་འཚོང་། ཉར་ཚགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྟོག་ཞིབ་བྱས་པ་ལས། ལུག་མཉེའི་ཚོང་ལམ་ཡག་པོ་འོང་བའི་ཚོར་སྣང་བྱུང་ལ། ང་རང་རྫོང་དུ་ཚོགས་འདུར་འགྲོ་སྐབས་གྲོང་ཚོ་གཞན་གྱི་ཧྲུའུ་ཅིས་ཀྱང་དེར་དགའ་པོ་བྱས་ནས་ཚོད་འདེབས་བྱེད་འདོད་འདུག”ཅེས་འཁྲིས་ནས་དགའ་ཚོར་ཆེན་པོས་བརྗོད།

    འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྙེད་ན། གསོ་ཚགས་ལས་རིགས་ཀྱང་རྗེས་སུ་ལུས་མི་རུང་།

    བ་བཟའ་ཤང་ནི་བོད་རིགས་ཀྱི་གྲོང་སྡེ་ཞིག་ཡིན་པ་དང་། འབྲི་གཡག་དང་ལུག་སོགས་གསོ་ཚགས་ཀྱི་གཞི་ཁྱོན་ཆེན་པོ་ཡོད་མོད། ཡིན་ནའང་ཡུལ་མི་ཚོས་སྤྱིའི་ཆ་ནས་སྲོལ་རྒྱུན་གྱི་ཕྱུགས་རིགས་གསོ་ཚགས་བྱ་ཐབས་སྤྱད་པ་ལས་ཚན་རིག་གི་གསོ་ཚགས་ལ་རྒྱུས་མངའ་དེ་ཙམ་མེད།

    དབྱི་ཝེ་ཡིས་མ་ཡུམ་སློབ་གྲྭའི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པ་གདན་དྲངས་ཏེ་ཡུལ་མི་རྣམས་ལ་ནོར་ལུག་གསོ་ཚགས་ཀྱི་ལག་རྩལ་གསལ་འགྲེལ་དང་། ཡུལ་མིར་གཟན་ཆག་སྦྱོར་སྡེབ་བྱེད་སྟངས་དང་བེད་སྤྱོད་སྟངས་ཀྱང་བསླབས།

    མཚོ་སྔོན་ནུབ་བྱང་ཧུང་ཞིང་འབྲོག་ལས་ཚན་རྩལ་ཚད་ཡོད་ཀུང་སིས་གྲོང་ཚོར་རིན་མི་དགོས་པར་ཞལ་འདེབས་བརྒྱབ་པའི་གཟན་ཆག་ཏུན་3དང་འབུ་འགོག་སྨན་རྫས་ཤེལ་དམ་360དེ་དག་ནོར་ལུག་གི་གྲངས་འབོར་ལ་གཞིགས་ནས་ཡུལ་མིར་བགོས།

    གྲོང་ཚོའི་ལས་དོན་བསྒྲུབས་པའི་སྐོར་གླེང་སྐབས། དབྱིན་ཝེ་ཡིས“ངས་རང་ཉིད་ཀྱི་ཆེད་ལས་ཀྱི་ལེགས་ཆ་སྤྱད་དེ་ཡུལ་མི་ཚོར་རང་ནུས་ཅི་ལྕོགས་ཀྱིས་ལས་ཀ་བྱས་པ་ཙམ་ཡིན། དེས་ད་ལྟར་འགྱུར་བ་གང་ཡང་གཏོང་མི་ཐུབ་ན་ཡང་། ཕྱིས་འབྱུང་ཡུལ་མི་ཚོར་དགོས་མཁོ་ཡོད་དུས་འབུམ་རམས་པ་དབྱི་ཝེ་ཡིས་བཏོན་པའི‘གཅིག་སྡུད་གསོ་ཚགས’དྲན་ཚེ་ངས་ད་ལྟ་བྱས་པ་ཚང་མ་བྱེད་རིན་ཆོག་པ་ཞིག་ཡིན”ཞེས་འཛུམ་དམུལ་དམུལ་ངང་བརྗོད།

    “ལུག་མཉེར་འབྲས་བཟང་སྨིན་ཚེ་རིག་གནས་དང་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པས། ལོ་ལྟར་ཡུལ་སྐོར་བ་མང་བའི་དུས་སུ་ལུག་མཉེ་འཐུ་བསྡུར་རོལ་ཆོག་པ་དང་ཡུལ་སྐོར་ལག་རྟགས་འཆར་འགོད་བྱེད་པ་སོགས་ལུག་མཉེའི་ཐོན་ལས་ཀྱི་ལེགས་ཆ་འདོན་ཐུབ་ན་ཡུལ་མིའི་ཡོང་འབབ་མང་དུ་གཏོང་ཐུབ” ཅེས་དབྱིན་ཝེ་ཡིས་བཀྲ་ཤིས་འཁྱིལ་གྲོང་ཚོའི་འབྱུང་འགྱུར་ལ་བསམ་བློ་གཏོང་བཞིན་དུ་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།