དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི“དབུ་དཀར་མེ་འཁོར”གྱིས་རྒན་རྒོན་ཡུལ་སྐོར་ལ་འགྲོ་བར་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-23

    ཀྲུང་གོའི“དབུ་དཀར་རྟགས་ཅན་གྱི་མེ་འཁོར”རྡོག་ཐོན་བྱེད་པ།

    ཀྲུང་གོས་སྨན་བཅོས་སྒྲིག་བཀོད་དང་རྒན་རྒོན་ལ་འཚམ་པའི་ཡུལ་སྐོར་མེ་འཁོར་བཀོད་སྒྲིག་བྱས་ནས“དབུ་དཀར་དཔལ་འབྱོར”འཕེལ་རྒྱས་དང་རྒན་རྒོན་མི་འབོར་གྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མངོན་པར་བྱེད་པའི་བྱེད་ཐབས་ཀྱི་གྲས་སུ་བརྩིས་ནས་སྐུལ་འདེད་གཏོང་རྒྱུ་རེད།

    ཟླ་2ཚེས་11ཉིན། ཀྲུང་གོ་ཚོང་དོན་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་ལྕགས་ལམ་ཚོགས་པ་སོགས་ཚན་པ་9ཡིས《དབུ་དཀར་ཡུལ་སྐོར་མེ་འཁོར་མང་དུ་བཏང་ནས་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་སྤྱོད་འཆར་གཞི》བཀྲམ་པ་རེད། 《བྱ་སྤྱོད་འཆར་གཞིའི》ནང་2027ལོར་སླེབས་སྐབས་ཀྲུང་གོས“རྒྱལ་ཡོངས་ལ་ཁྱབ་པ་དང་། ལམ་ཐིག་མང་བ། བརྗོད་དོན་གཙོ་བོ་ཕུན་སུམ་ཚོགས་པ། ཞབས་ཞུ་འཐུས་ཚང་བཅས་ཀྱི་དབུ་དཀར་ཡུལ་སྐོར་མེ་འཁོར་གྱི་ཐོན་རྫས་མ་ལག”གཏོད་རྒྱུ་ཡིན་ལུགས་འཁོད་ཡོད།

    ཀྲུང་གོར་རྒན་རྒོན་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་ཅིང་། ཀྲུང་གོ་དམངས་སྲིད་པུའུ་ཡིས་ན་ནིང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་རང་ལོ་ཧྲིལ་པོ་60དང་དེའི་ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་2.97ཙམ་ཟིན་པ་དེས་སྤྱིའི་མི་འབོར་གྱི་21.1%བཟུང་ཡོད། ཀྲུང་གོས་2024ལོའི་ལོ་མཇུག་ཏུ་ཁྱབ་བསྒྲགས་བྱས་པའི་དབུ་དཀར་དཔལ་འབྱོར་སྐོར་གྱི་རྒྱབ་ཤ་སྔོན་པོའི་དེབ་ནང་མངོན་པར། སྔོན་དཔག་བྱས་ན་2035ལོར་སླེབས་སྐབས་ཀྲུང་གོའི་དབུ་དཀར་དཔལ་འབྱོར་གྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་30ཟིན་རེ་ཡོད། སྐབས་དེ་དུས་དབུ་དཀར་དཔལ་འབྱོར་གྱིས་རྒན་རྒོན་མི་འབོར་གྱི་དགོས་མཁོ་སྣ་ཚོགས་བསྐངས་ནས་ཟ་མ་སྐྱེལ་བ་ནས་རྒན་གསོ་ཁང་དང་རོལ་རྩེད་གདམ་ག་བར་གང་དགོས་ཚང་མ་མང་དུ་འགྲོ་རྒྱུ་རེད།

    —— ཨ་རིའི་ཕེང་པའོ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།