དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱི་དར་རྒྱས་སྔོན་དཔག་ལས་ལེགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-23

    འདི་ནི་སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་ནས་DeepSeekལ་དྲི་བ་འདོན་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཙུང་ཀྲིས་པར་བླངས)

    ཀྲུང་གོའི་ཚན་རྩལ་ཧ་ལམ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། དེ་ནི་ཀྲུང་གོའི་བཙུགས་མ་ཐག་པའི་ཁེ་ལས(DeepSeek)ཡི་མི་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་གྲུབ་འབྲས་དང་། རོལ་རྩེད་ཚན་རིག་ཀུང་སིས་གསར་སྤེལ་བྱས་པའི《ལྷ་སྒྲུང་། ཝུའུ་ཁུང》གློག་རྡུལ་རོལ་རྩེད་ཁྱབ་ཁོངས་ཀྱི་གྲུབ་འབྲས། 《ནེ་ཀྲ་2པ》ཀོ་ཕིག་ཁྱབ་ཁོངས་ཀྱི་གྲུབ་འབྲས་སོགས་ཚང་མ་ལས་ར་སྤྲོད་བྱས་ཡོད།

    གྲུབ་འབྲས་དེ་དག་གིས་ཀྲུང་གོ་བའི་གདེང་ཚོད་འཕེལ་བ་མ་ཟད། ལྷག་པར་དུ་བརྒྱད་ཅུའི་ནང་སྐྱེས་ཀྱི་མི་རབས་ཚོའི་གདེང་ཚོད་ཀྱང་འཕེལ་བར་བྱས་ཡོད། DeepSeekཡི་སྲོལ་གཏོད་པ་དང་། རོལ་རྩེད་ཚན་རིག་གི་སྲོལ་གཏོད་པ། དེ་བཞིན《ནེ་ཀྲ་2པའི》འཁྲབ་ཁྲིད་པ་བཅས་ཚང་མ་ནི་ལོ་40ལ་སླེབས་མ་ཐག་པའི་མི་སྣ་ཤ་སྟག་ཡིན་པ་རེད།

    མིག་སྔར་ཚན་རྩལ་དེ་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་ལས་དོན་ལ་མཐོར་འདེགས་བྱས་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ལུགས་བཏོན་པ་དེས་མི་ཐབས་རིག་ནུས་དང་། 5G མི་མེད་གནམ་གྲུ ནུས་རྒྱུ་གསར་པའི་གནམ་གྲུ སྐྱེ་དངོས་ལག་རྩལ། དེ་བཞིན་འདོན་ཉེར་ཡོད་པའི་6Gསོགས་རྒྱལ་ཁབ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་འགྱུར་རྒྱུ་རེད།

    —— ཧྥ་རན་སེའི《ཧུད་ཧྲེང་ཚགས་པར》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།