དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲུང་ཆིང་ཅང་ཅིན་ཆུས་ཀྱིས་དཔེ་ཁང་བཙུགས་ནས་གྲོང་གསེབ་ཀྱི་ བྱིས་པའི་དཔེ་ཀློག་ཁོར་ཡུག་ལེགས་སུ་བཏང་བ།

    ཐག་རིང་ལུང་ཁུག་གི་བྱིས་པའི་དཔེ་ཀློག་སྤྲོ་སྣང་འཕེལ་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཤིན་ཝུའུ།   |     སྤེལ་དུས།  2025-03-23

    འདི་ནི་ཧོའུ་ཧྲེང་དཔེ་ཁང་དུ་ལི་ཏཱ་པིན་དང་ལི་ཀྲེང་ཅུན་གྱིས་ཕྲུ་གུ་ཚོར་སློབ་ཚན་ཁྲིད་ནས་དཔེ་དེབ་འོས་སྦྱོར་བྱེད་བཞིན་པ།

    ཀྲང་ཤིན་ཡུའེ་ཡིས་ཁ་བརྡའི་མཉེན་ཆས་རྩེ་མཚམས་བཞག་ནས་མིག་ཕུར་ཙམ་བྱས། ད་གིན་ཆུ་ཚོད་གཅིག་ལྷག་ཙམ་རིང་། ཁོང་གིས་དགེ་རྒན་ལིའུ་ཀྲེན་ཡུས་དང་སློབ་སྦྱོང་སྐོར་གྱི་ཤེས་བྱ་མང་པོ་ཞིག་སྤེལ་རེས་བྱས།

    ཀྲང་ཤིན་ཡུའེ་ནི་ཁྲུང་ཆིང་གི་ཐག་རིང་ལུང་ཁུག་གི་མཐོ་འབྲིང་སློབ་མ་ཞིག་ཡིན་པ་དང་ལིའུ་ཀྲེན་ཡུས་ནི་ནན་ཅིང་དགེ་འོས་སློབ་ཆེན་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭར་འོས་སྦྱོར་བྱས་པའི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཞིག་རེད། བར་ཐག་སྤྱི་ལེ་1500ཆོད་པའི་ཆ་རྒྱུས་མེད་པའི་མི་གཉིས་དྲ་ཐོག་གི་དབྱིན་ཡིག་ཟུར་ཁྲིད་སློབ་ཚནནས་ངོ་ཤེས་ཏེ་ད་བར་ལོ་ལྔ་འགྲོ་ཡི་ཡོད།

    ཟུར་ཁྲིད་སློབ་ཚན་དེ་ནི་ཁྲུང་ཆིང་ཅང་ཅིན་ཆུས་སི་མེན་ཧྲན་གྲོང་རྡལ་ཧྲོང་ཧྥེང་གྲོང་ཚོའི་གྲོང་མི་ལི་ཏཱ་པིན་དང་ཁོང་གི་ཆུང་དུས་ཀྱི་གྲོགས་པོ་ནན་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཀྲེང་ཅུན་གྱིས་མཉམ་དུ་བཙུགས་པའི“ཧོའུ་ཧྲེང་དཔེ་ཁང”གི་དྲ་ཐོག་ཟུར་ཁྲིད་སློབ་ཚན་ཞིག་རེད།

    ཧྲོང་ཧྥེང་གྲོང་ཚོ་ནས་ཅང་ཅིན་གྲོང་ཁུལ་བར་རླངས་འཁོར་ལ་སྐར་མ་90ཙམ་འགྲོ་དགོས་ཀྱི་ཡོད། ཐག་རིང་ལུང་ཁུག་གི་བྱིས་པའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། 2018ལོའི་ཟླ་8པར་ལི་ཏཱ་པིན་དང་ལི་ཀྲེང་ཅུན་གྱིས་ཧྲོང་ཧྥེང་གྲོང་ཚོའི“ཏཱ་པིན་སྦྲང་ནོར་བུ་གསོ་སྤེལ་ར་བ”ཞེས་པའི་ལྕགས་ཤོག་གཞུང་ལས་ཁང་དུ“ཧོའུ་ཧྲེང་དཔེ་ཁང”བཙུགས་པ་རེད། ཚོན་མདོག་སྔོ་དཀར་འདྲེས་པའི་ལྕགས་ཤོག་ཁང་པའི་དེབ་སྒྲོམ་དུ་དཔེ་དེབ་1200ལྷག་ཙམ་བསྒྲིཌ་ཡོད་པ་དང་། དེ་ནས་ནང་དུ་འཛུལ་ཚེ་ད་དུང“སློབ་ཁང”དང“ཉལ་ཁང”ཡོད་པ་མ་ཟད། ཐ་ན་སྟབས་བདེའི“ཟ་ཁང”ཞིག་ཀྱང་ཡོད།

    ལོ་ཤས་རིང་འདི་གར་ནི་ས་གནས་དེ་གའི་བྱིས་པའི་བསམ་པའི་སྤྲོ་སྐྱིད་ཁང་ཞིག་ཏུ་གྱུར་ཡོད། དེའི་རྗེས་ལི་ཀྲེང་ཅུན་གྱིས་བྱིས་པ་ཚོའི་ཆེད་དུ་བྱ་བ་དེ་བས་མང་བ་སྒྲུབ་འདོད་བྱུང་།

    2020ལོ་ནས་བཟུང་ལི་ཀྲེང་ཅུན་གྱི་ཤུགས་རྐྱེན་འོག ནན་ཅིང་དགེ་འོས་སློབ་ཆེན་གྱི་སློབ་ཆེན་སློབ་མའི་དང་བླངས་པས་གཟའ་མཇུག་གམ་ཡང་ན་དགུན་ཁའི་གུང་གསེང་ལ“ཧོའུ་ཧྲེང་དཔེ་ཁང”དུ་དྲ་ཐོག་གི་ཟུར་ཁྲིད་སློབ་ཚན་འཚོཌ་ནས་རིག་ཚན་ཁག་དང་དེ་བཞིན་སེམས་ཁམས་བདེ་ཐང་སློབ་གསོ་སོགས་ཚུད་པའི་ནང་དོན་མང་པོ་སློབ་ཁྲིད་བྱེད་ཀྱི་ཡོད། ཐག་རིང་ལུང་ཁུག་གི་བྱིས་པས་བརྙན་ཤེལ་བརྒྱུད་དེ་རྒྱང་རིང་ལ་རྒྱང་ལྟ་བྱེད་ཐུབ་པ་བྱུང་ཡོད།

    ཀྲང་ཤིན་ཡུའེ་ནི་དཔེ་ཁང་དུ་ཐོག་མར་ཡོང་མཁན་གྱི་གྲས་རེད་ལ། དཔེ་ཁང་ནས་ཕན་པ་མང་ཤོས་འཐོབ་མཁན་ཡང་རེད།

    འདི་ག་ནས་ཁོང་གིས་རྩོམ་རིག་གི་བརྩམས་ཆོས་གྲགས་ཅན་དང་རྩོམ་པ་པོ་གྲགས་ཅན་གྱི་ལྷུག་རྩོམ་ལ་དཔེ་བལྟས་ནས་རྩོམ་འབྲི་སྟངས་སྦྱངས་པ་མ་ཟད། རྩོམ་ཡིག་ཀྱང་རྒྱལ་ཡོངས་ཀྱི་སློབ་འབྲིང་སློབ་མའི་ཕུལ་བྱུང་རྩོམ་ཡིག་ལ་བདམས་པ་རེད། འདི་ག་ནས་ཁོང་གིས་ལིའུ་ཀྲེན་ཡུས་དང་དང་བླངས་དགེ་རྒན་གཞན་དག་ངོ་ཤེས་པ་དང་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། འབྲིང་རྒྱུགས་ནང་ཁོང་ཁྲུང་ཆིང་གི་གཙོ་གནད་སློབ་འབྲིང་ཅུས་ཁུའེ་སློབ་འབྲིང་དུ་ཚུད་པ་རེད།

    ཀྲང་ཤིན་ཡུའེ་དང་འདྲ་བར་ལོ་བདུན་རིང་བྱིས་པ་40ཙམ“ཧོའུ་ཧྲེང་དཔེ་ཁང”དུ་སློབ་སྦྱོང་བྱས་ནས་བསྡད་པ་རེད། ཁོང་ཚོའི་ཁྲོད་ཁ་ཤས་ནི་ཕ་མ་ཕྱིར་གླ་པར་བསྐྱོད་ནས་ཁྱིམ་དུ་སློབ་སྦྱོང་སློབ་མཁན་མེད་པའི་གཞིས་ལུས་བྱིས་པ་ཡིན་པ་དང་། ཁ་ཤས་ནི་འཚོ་བར་དཀའ་ངལ་ཆེ་བའི་དབུལ་སྒྲོལ་ཁྱིམ་ཚང་ཡིན་པ། ཡང་ཁ་ཤས་ནི་སློབ་འབྲིང་མཐར་ཕྱིན་རྗེས་མུ་མཐུད་སློབ་སྦྱོང་བྱེད་དགོས་སམ་ཡང་ན་ཕྱིར་གླ་པར་འགྲོ་དགོས་ཐད་ཐེ་ཚོམ་བྱུང་བའི་སློབ་མ་རེད།

    འོན་ཀྱང་། ལི་ཏཱ་པིན་གྱི་ལྟ་རྟོག་དང་རོཌ་སྐྱོར་འོག་ཕྲུ་གུ་དེ་དག་མཐར“ཧོའུ་ཧྲེང་དཔེ་ཁང”དུ་སླེབས་ཡོད། ཁོང་ཚོས་འཚང་ཁ་ཅུང་ཆེ་བའི་ཁང་པ་དང་ཆེན་པོ་མེད་པའི་བརྙན་ཤེལ་བརྒྱུད་ཡ་མཚན་དང་དོགས་གཞི་བསལ་ནས་ཤེས་བྱ་དེ་བས་མང་བ་སྦྱངས་ཏེ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་བཞིན་ཡོད།

    2023ལོའི་ཟླ་10པར་ལི་ཏཱ་པིན་རྒྱལ་ཡོངས་ཀྱི“གྲོང་གསེབ་ཀྱི་དཔེ་ཀློག་མིག་དཔེར”བདམས་པ་རེད། རང་ཉིད་ཀྱི་གཟི་བརྗིད་སྐོར་གླེང་སྐབས་བབ་ཆགས་པའི་ཞིང་པ་ལི་ཏཱ་པིན་གྱིས“དོ་ཁུར་བྱེད་མཁན་མང་ཙམ་བྱུང་ན་རྒྱབ་སྐྱོར་བྱེད་མཁན་ཡང་མང་ཙམ་ཡོང་སྲིད། དཔེ་ཁང་ལེགས་སུ་སོང་ཚེ་ཕྲུ་གུ་ཚོ་གཞི་ནས་ཡར་རྒྱས་འགྲོ་སྲིད”ཅེས་བརྗོད།

    མཚམས་འདིར་ལི་ཏཱ་པིན་གྱིས་སློབ་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུ་ཚོའི་ཕྱོགས་སུ་བལྟས་པ་དང་། མིག་ནང་དུ་རེ་བས་ཁེངས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།