དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་གསུམ་ནས་ཤུགས་བརྒྱབ་པས་བཟའ་བཅའ་དང་སྨན་རྫས་ཀྱི་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ།

    ལྟ་འདོམས་ཀྱི“མཐའ་མའི་འགག་གནད”ཤར་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-23

    2024ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་སུ་ལས་དོན་ཞིབ་ཚགས་སྤེལ་ཏེ་ཕྱོགས་གསུམ་ནས་ཤུགས་རྒྱག་པའི་གསར་གཏོད་བྱེད་སྟངས་བརྒྱུད་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་བདེ་འཇགས་ལས་རོགས་དོ་དམ་པ་དང་ཆ་འཕྲིན་པའི་དཔུང་ཁག་གི་ལམ་སྲོལ་གསར་པ་བཏོད་པས་གཞི་རིམ་གྱི་ལྟ་འདོམས་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་དང་ལྟ་འདོམས་ཡོངས་ཁྱབ་ཐུབ་ཡོད།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་འདོམས་དྲ་རྒྱ་ཤང་དང་གྲོང་རྡལ་དང་། ཞིང་འབྲོག་ཁུལ། སྡེ་ཁུལ་བཅས་སུ་ཕྱོགས་ཡོངས་ནས་ཁྱབ་པ་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་འདོམས་ཀྱི“མཐའ་མའི་འགག་གནད”བཏོད་པས་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཕྱིན་ཡོད།

    ལམ་ལུགས་འཛུགས་སྐྱོང་རྨང་གཞིར་བྱས་ནས།

    “ཁོངས་མི་གཉིས”ཀྱི་དཔུང་ཁག་གི་རྨང་གཞི་བརྟན་དུ་བཏང་བ།

    2024ལོར་ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས《ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆ་འཕྲིན་པ་དང་ལས་རོགས་དོ་དམ་པའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བལྟར)》བཏོན་ནས“ཁོངས་མི་གཉིས”ཀྱི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། ཞབས་ཞུ་ཉོ་བ་སོཌ་ཀྱི་བྱེད་སྟངས་བརྒྱུད། ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་གླ་ཆ་འགན་སྲུང་ལམ་སྲོལ་བཟོས་པས“ལས་མི་གཉིས”ཀྱི་ལས་ཀའི་ཧུར་སེམས་དང་འགན་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་91གི་གྲོང་ཚོ(སྡེ་ཁུལ)586ལ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆ་འཕྲིན་པ་དང་ལག་རོགས་དོ་དམ་པའི་ལམ་ལུཌ་འཛུཌ་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཤང་དང་གྲོང་ཚོ་རིམ་པ་གཉིས་ལ་ཁྱབ་པའི་ལྟ་འདོམས་དྲ་བ་བཟོས་ཡོད།

    སློབ་གསོ་དང་གསོ་སྦྱོང་གཙོ་གནད་དུ་བྱེད་པ།

    “ལས་མི་གཉིས”ཀྱི་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་བཏང་བ།

    “ལས་མི་གཉིས”ཀྱི་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་དང་རྫོང(ཆུས)རིམ་གཉིས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཤང་དང་གྲོང་རྡལ་སྲིད་གཞུང་ཁག་དང་མཉམ་དུ། དུས་བཀག་ནང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། གསོ་སྦྱོང་ནང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། སློབ་ཁྲིད་ཀྱི་ནང་དོན་ལ“ལས་མི་གཉིས”ཀྱི་དོ་དམ་བྱེད་ཐབས་དང་། འགན་འཁྲིའི་དབང་ཆ། བཟའ་བཅའི་བདེ་འཇགས་བཅས“འགན་འཁྲི་གཉིས”ཀྱི་ལས་ཀའི་ལམ་སྲོལ་སོགས་ཀྱི་ཤེས་བྱ་ཚུད་ཡོད། རིམ་རྩིས་བརྒྱབ་ན། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་སྦྱོང་དང་གསོ་སྦྱོང་ཐེངས་46གཉེར་བ་དང་མི་ཐེངས་1667ལ་གསོ་སྦྱོང་བྱས་པར“ལས་མི་གཉིས”ཀྱི་དཔུང་ཁག་གི་སྤྱི་ཡོངས་ཀྱི་ལས་སྒོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    འགན་འཁྲི་དོན་འཁྱོལ་འགག་རྩར་བྱེད་པ།

    སྤྱི་ཚོགས་མཉམ་སྐྱོང་གི་རྣམ་པ་ཆགས་པར་སྐུལ་འདེད་བཏང་བ།

    རྒྱུན་གཏན་གྱི་ལས་ཀའི་ཁྲོད་ལྷོ་ཁ་གྲོང་ཁྱེར་གྱི“ལས་མི་གཉིས”ཀྱི་དཔུང་ཁག་གིས“སོ་ལྟའི”ནུས་པ་གང་ལེགས་བཏོན་ནས། དུས་བཀག་ནང་སྐོར་ཞིབ་དང་དུས་ཐོག་ཏུ་སྙན་སེང་ཞུས་པ་བརྒྱུད་བཟའ་བཅའ་དང་སྨན་རྫས་ཚོང་གཉེར་ཁྲོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་ཡོད།

    ཆེད་དོན་བཅོས་སྒྲིག་སྣ་ཚོགས་དང་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱེད་སྒོའི་ནང་། “ལས་མི་གཉིས”ཀྱིས་སྔར་བས་གདོང་མཆོང་བྱས་ཏེ་ཞིང་འབྲོག་ཁུལ་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས“ལས་མི་གཉིས”ལ་ཁ་གསབ་མ་དངུལ་སྒོར་ཁྲི་36.14སྤྲད་དེ་དཔུང་ཁག་འཁོར་སྐྱོད་བརྟན་པོ་ཡོང་བར་བྱས་ཤིང་། “ལས་མི་གཉིས”ཀྱི་དཔུང་ཁག་གིས་ཁྱོན་མི་ཐེངས་1879བཏང་ནས་བཟའ་བཅའ་དང་སྨན་རྫས་ཚོང་གཉེར་ཚན་པ་7403ལ་གྲལ་བཤེར་བྱས་པར་གནད་དོན་213ཤེས་རྟོཌ་ཐུབ་ནས་གོང་ཞུ་བྱས་པ་དང་དྲིལ་བསྒྲཌ་དཔྱད་ཡིག་ཁྲི་1.5སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།