དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས་དྲ་ཐོག་ནས“རིག་ལྡན་སྨན་བཅོས”ཞབས་འདེགས་ཞུས་ཏེ་སྨན་ཉོ་དཀའ་བའི་དཀའ་གནད་བསལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-03-22

    རྒྱལ་ཡོངས་ཀྱི་སྨན་རྫས་ཆེད་དོན་བཅོས་སྒྲིག་དཔེ་སྟོན་ས་ཚིགས་ཀྱི་ལས་ཀའི་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་བ་དང་རྒྱང་བསྟེན་ལག་རྩལ་སྤྱད་དེ་སྨན་ཉོ་བའི་དཀའ་བའི་མང་ཚོགས་ཀྱི་དཀའ་གནད་སེལ་ཆེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་ཐོག་ནས“རིག་ལྡན་སྨན་བཅོས”ཞབས་འདེགས་ཞུས་ཏེ་ཐག་རིང་སྨན་ཚོང་ཁང་ལ་སྨན་ཐོ་ཞིབ་བཤེར་གྱི་ཞབས་ཞུ་མཁོ་འདོན་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ས་ཁམས་གནས་ཡུལ་ཐག་རིང་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། སྨན་བཅོས་ཐོན་ཁུངས་ཁྱབ་ཚུལ་དོ་མི་སྙོམས་པ་སོགས་དོན་དངོས་གནས་ཚུལ་དབང་གིས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་དུས་ཡུན་རིང་པོར་སྨན་ཉོ་དཀའ་བའི་དཀའ་གནད་འཕྲད་ཡོད། ཕྱོགས་གཅིག་ནས་ས་ཆ་དེར་སྨན་ཚོང་ཁང་ཉུང་བ་དང་སྨན་ཉར་ཚགས་མང་པོ་བྱས་མེད་པའི་དབང་གིས་མང་ཚོགས་ཀྱི་སྣ་མང་རང་བཞིན་གྱི་སྨན་གྱི་དགོས་མཁོ་སྐོང་མི་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱིས་སྨན་ཐོའི་སྨན་ཉོ་སྐབས་རྒྱུན་དུ་ཆེད་ལས་སྨན་པའི་སྨན་ཐོ་དང་སྨན་པའི་ཞིབ་བཤེར་མི་འདང་པའི་དབང་གིས་སྨན་བེད་སྤྱོད་ཐད་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད། དེ་དང་ཆབས་ཅིག སྲོལ་རྒྱུན་གྱི་སྨན་བཅོས་བྱེད་སྟངས་དབང་གིས་ཐག་རིང་ས་ཁུལ་གྱི་མང་ཚོགས་ལ་དུས་ཐོག་དང་ནུས་ལྡན་གྱི་སྨན་བཅོས་ཞབས་འདེགས་ཞུ་མི་ཐུབ་པར་ནད་ཆུང་དུས་ཐོག་ཏུ་སྨན་བཅོས་བྱེད་མ་ཐུབ་པར་ནད་ཆེན་ལ་འགྱུར་བའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད།

    གནད་དོན་དེ་ཐག་གཅོད་བྱ་ཆེད། ཤན་རྩ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་སྨན་ཚོང་ཁང་གི་རྒྱང་བསྟེན་སྨན་པའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། “རིག་ལྡན་སྨན་བཅོས”ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་རྒྱང་བསྟེན་སྨན་ཐོ་ཞིབ་བཤེར་མ་ལག་བསྐྲུན་ཡོད། མཉམ་འབྲེལ་དྲ་རྒྱའི་ལག་རྩལ་སྤྱད་དེ་ས་གནས་ཁག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱས་པས། ཁོངས་གཏོགས་ཁུལ་དུ་རྒྱང་བསྟེན་སྨན་བཅོས་ཞབས་ཞུ་མངོན་འགྱུར་བྱུང་ཡོད། ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པས་རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བྱས་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྨན་ཚོང་ཁང་ལ་ཆུ་ཚོད་24ཡི་རིང་རྒྱང་བསྟེན་སྨན་ཐོ་ཞིབ་བཤེར་གྱི་ཞབས་འདེགས་ཞུ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།