སྐབས་22པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་སྤྱིའི་སྤོས་འགྱིག་བཟོ་ལས་འགྲེམས་ཚོགས(ཧོ་ཧྥེ་ས་ཚིགས)གཉེར་བ།
2025ལོའི་ཟླ་3ཚེས་13ནས་16ཉིན་བར། སྐབས་22པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་སྤྱིའི་སྤོས་འགྱིག་བཟོ་ལས་འགྲེམས་ཚོགས(ཧོ་ཧྥེ་ས་ཚིགས)པིན་ཧུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཉེར་བ་དང་། དེའི་ནང་རླངས་འཁོར་གྱི་ལྷུ་ལག་དང་། འགྱིག་དང་ཐུམ་སྒྲིལ་རྒྱུ་ཆ། གློག་རྡུལ་དང་གློག་རླངས་ཀྱི་ཞིབ་ཐོན་ལྷུ་ལག སྨན་བཅོས་དང་བདེ་ཐང་གི་ཡོ་ཆས། ལུས་རྩལ་དང་སྤྲོ་གསེང་གི་སྒྲིག་ཆས། ལྗང་མདོག་ཨར་ལས་རྒྱུ་ཆ་དང་དེ་བཞིན་ནུས་རྒྱུ་གསར་པའི་ཁྱབ་ཁོངས་སོགས་ཐོན་ལས་འཁོར་འབྲེལ་ཚུད་ཡོད་པ་དང་། དེ་ལས་མཁོ་སྤྲོད་ཕྱོགས་གཉིས་ལ་འབྲེལ་མཐུད་ཀྱི་ལས་སྟེགས་བཏོད་ནས་ཐོན་ལས་རིམ་སྤོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད།
འདི་ནི་2025ལོའི་ཟླ་3ཚེས་13ཉིན། སྐབས་22པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་སྤྱིའི་སྤོས་འགྱིག་བཟོ་ལས་འགྲེམས་ཚོགས(ཧོ་ཧྥེ་ས་ཚིགས)ཀྱི་ཁྲེ་ལི་ཅིའུ་འཕྲུལ་ཆས་འགྲེམས་ཁུལ་ཡིན་པ།