ད་ལོའི་ཟླ་དང་པོ་དང་གཉིས་པར་ཀོང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་21.5%འཕར་བ།
གསར་འགོད་པས་ནན་ཉིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ་དང་པོ་དང་གཉིས་པར་ཀོང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1253.7ཟིན་ནས་དུས་མཚུངས་ལས་21.5%འཕར་ཅིང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་837.9ཟིན་ནས་དུས་མཚུངས་ལས་51.5%འཕར་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་སྔར་བཞིན་ཀོང་ཤིས་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་། ད་ལོའི་ཟླ་དང་པོ་དང་གཉིས་པར་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་628.5ཟིན་པ་དེ་14.3%འཕར་ནས་50.1%བཟུང་ཡོད།
འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་དང་པོ་དང་གཉིས་པར་ཀོང་ཤིས་ཀྱི་སྤྱིར་བཏང་ཚོང་དོན་དང་ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་བཅུ་ཆ་ལྔ་ལས་བརྒལ་ཡོད། ཀོང་ཤིས་ཀྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་659.1ཟིན་ནས་50.4%འཕར་ཏེ་དུས་མཚུངས་ཀྱི་ཀོང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་52.6%བཟུང་ཡོད། ལས་སྣོན་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་141ཟིན་ནས་73%འཕར་ཏེ་11.2%བཟུང་ཡོད། གཞན་ཡང་། ཀོང་ཤིས་ཀྱི་ཁྲལ་སྲུང་ཟོག་འགྲེམས་དང་མཐའ་མཚམས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་289.7དང་སྒོར་དུང་ཕྱུར་163.5ཟིན་ནས་23.1%དང་13%ཁག་སོ་སོར་བཟུང་ཡོད།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་སྔར་བཞིན་ཀོང་ཤིས་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན། གཞན་ཡང་། ཀོང་ཤིས་ཀྱིས་ཐེ་ལན་དང་ཧིན་རྡུ་ཉི་ཞི་ཡར་ཕྱིར་གཏོང་བྱེད་ཚད་62.2%དང་91.1%ཁག་སོ་སོར་འཕར་ཡོད། དེ་དང་ཆབས་ཅིག་ཀོང་ཤིས་ཀྱིས་ཧྥེ་གླིང་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་103.1ཟིན་ནས་138.8%འཕར་ཡོད། ཀོང་ཤིས་ཀྱིས་དབུས་ཤར་ས་ཁུལ་དང་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་7.5%དང་91.3%ཁག་སོ་སོར་འཕར་ཡོད་པ་རེད།