དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོ་ཡིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་པ་བློ་ཡིད་ཚིམ་པར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཀྲོའུ་ཁྲོམ་ར་ལྟ་འདོམས་ཅུས་དང་ཀྲོའུ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་རེབ་གོང་ཐང་ཆེན་དུ་བློ་ཡིད་ཚིམ་པའི་འཛད་སྤྱོད་ཞེས་པའི་བརྗོད་དོན་གཙོ་བོའི་3·15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    རྨ་ལྷོ་ཀྲོའུ་ཡིས་3·15བརྗོད་དོན་གཙོ་བོར་དམིགས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། དེའི་ནང་འཛད་སྤྱོད་སློབ་གསོའི“ལྔ་སྤེལ”བྱེད་སྒོ་ཚུད་པའི་འཛད་སྤྱོད་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། བཟའ་བཏུང་འཕྲོ་བརླག་གཏོང་བར་བཀག་འགོག་བྱེད་པའི“བཞི་སྤེལ”དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། ལས་ཁུངས་དང་། སློབ་གྲྭ ཁེ་ལས། སྡེ་ཁུལ་བཅས་སུ་གྲོན་ཆུང་གི་སྲོལ་བཟང་དར་སྤེལ་གཏོང་བ། དམངས་འཚོའི་ཚོང་ཟོག་གལ་ཆེན་ལ་དམིགས་ནས་ཟོག་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ཆེད་དོན་ཞིབ་བཤེར་བྱས་ཏེ། ཟོག་གོང་བརྟན་པོ་དང་ཚོང་ཟོག་གི་སྤུས་ཚད་འགན་ལེན་བྱེད་པ། “བཟའ་བཅའ་ཁྱོད་ཀྱིས་མངགས། ང་ཡིས་བརྟག་བཤེར་བྱེད”ཅེས་པའི་བྱེད་སྒོར་མང་ཚོགས་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་ནས་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དེ་བས་ཡག་པོ་ཡོང་བར་བྱེད་པ། སྨན་རྫས་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཞིབ་དཔྱད་ཚད་ལེན་གྱི་བརྒྱུད་རིམ་ཡོངས་བསྒྲགས་དང་ལས་རིགས་ཕྱི་གསལ་ནང་གསལ་ཡོང་བར་བྱེད་པ། 2025ལོར་སྦ་ལན་དང་། བྱ་སྤུའི་གྱོན་ཆས། སློབ་གྲྭ་འབྲིང་ཆུང་སློབ་མའི་སློབ་གོས་སོགས་འཁལ་འཐག་ཐོན་རྫས་རྫུན་ལྷད་ཞན་གསུམ་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་ནས་ཁྲོམ་ར་གཙང་སེལ་ཡོང་བ་བཅས་ཚུད་ཡོད།

    བྱེད་སྒོའི་དམིགས་ཡུལ་ནི། མི་དེ་བས་མང་བས་ཁེ་དབང་སྲུང་སྐྱོང་བྱེད་ཐབས་ཤེས་སུ་བཅུག་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་དང་རང་སྲུང་འཇོན་ཐང་ཆེ་རུ་གཏོང་རྒྱུ་མ་ཟད། ད་དུང་ཁྲིམས་འཛིན་གྱིས་སྲུང་སྐྱོང་དང་། སྲིད་གཞུང་གིས་ལྟ་སྐུལ། ལས་རིགས་ཀྱིས་རང་གཅུན། ཁེ་ལས་ཀྱིས་ཁྲིམས་སྲུང་། འཛད་སྤྱོད་པ་ཐེ་ཞུགས། སྤྱི་ཚོགས་རྩ་འཛུགས་ཀྱིས་མཉམ་ལས་བཅས་ཟུང་འབྲེལ་བྱེད་པའི་ཆུ་ཚད་མཐོ་བའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་བཏོད་དེ། ཕྱོགས་ཡོངས་ནས་འཛད་སྤྱོད་ལ་སྐུལ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ནས་རྨ་ལྷོ་ཀྲོའུ་ཡི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སྐྱོན་བྲལ་དང་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་དེ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།