དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྔོན་མགོ་ལོག་5G-Aཡི་དུས་རབས་གསར་པར་དངོས་སུ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-18

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོ་སྒུལ་བདེའི་འཕྲིན་གཏོང་ཚོགས་པ་མཚོ་སྔོན་ཚད་ཡོད་ཀུང་སི་མགོ་ལོག་ཡན་ལག་ཀུང་སིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་ས་གནས་དེ་གའི་5G-Aཚོད་ལྟའི་ས་ཚིགས་ཐོག་མ་དེ་ཤར་གཏོང་ཐུབ་པ་དང་། དུས་དེ་ནས་མགོ་ལོག་ཀྲོའུ་ཡི་རྫོང་དྲུག་ཚང་མར་5G-Aདྲ་རྒྱའི་བཀོད་སྒྲིག་ལེགས་གྲུབ་བྱུང་བས་མགོ་ལོག་འདི་ཉིད་5G-Aདྲ་རྒྱའི་དུས་རབས་གསར་པར་དངོས་སུ་སླེབས་པ་མཚོན་ཡོད།

    ཀྲུང་གོ་སྒུལ་བདེའི་འཕྲིན་གཏོང་ཚོགས་པ་མཚོ་སྔོན་ཚད་ཡོད་ཀུང་སི་མགོ་ལོག་ཡན་ལག་ཀུང་སིའི་དྲ་རྒྱ་པུའི་ཅིང་ལི་གཞོན་པ་ཝང་མིང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྗེས་མཐུད་ཀྱི་5G-Aལག་རྩལ་གཞི་ཁྱོན་ཅན་བཀོད་སྒྲིག་བྱས་པ་དང་བསྟུན་ནས་མགོ་ལོག་གི་སྒུལ་བདེས་གྲངས་འཛིན་ཅན་གྱི་བློ་རིག་ཐོན་ལས་ཁོར་ཡུག་མགྱོགས་མྱུར་འཛུགས་པ་དང་། 3CCབརྒྱུད་ཚོར་གཞི་གཅིག་ལག་རྩལ་བརྒྱུད་འབྱུང་འགྱུར་དམའ་དབྱིངས་མི་མེད་གནམ་གྲུའི་གནད་སྨིན་དོ་དམ་ཚོད་འཛིན་བྱས་ནས་ས་མཐོའི་ཟོག་འགྲེམས་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་ལ་ཐབས་ལམ་གསར་པ་གཏོད་རྒྱུ་རེད། གཞན་ཡང་། རྒྱང་བསྟེན་སྨན་བཅོས་དང་ARསློབ་ཁྲིད་སོགས་ཀྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་སྤུས་ལེགས་ཐོན་ཁུངས་ཐག་རིང་འབྲོག་ཁུལ་དུ་སྔར་བས་སྣུར་སྲིང་བྱེད་པར་རམ་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།