དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྙན་སྒྲོན་གསལ་འགྲེལ།

    2025ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་འཚོའི་གཏམ་བཟང་ཁག་13ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-18

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་ནང་2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྲིད་གཞུང་གི་ལས་དོན་ཐད་དམིགས་ཚད་དང་བླང་བྱ་བཏོན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་སློབ་གསོ་དང་། སྨན་བཅོས། ལས་ཞུགས། ཡོང་འབབ་སོགས་དམངས་འཚོའི་ལས་དོན་ཐད་ཞིབ་ཕྲའི་ལས་འགན་གསར་པ་དང་བླང་བྱ་གསར་པ་ཁ་གསལ་བཏོན་ཡོད།

    1.ཐབས་ལམ་མང་པོར་བརྟེན་ནས་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱེད་དགོས། ཐབས་ལམ་མང་པོར་བརྟེན་ནས་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། ཡོང་འབབ་འབྲིང་དམའི་ཚོགས་སྤྱིའི་ཡོང་འབབ་འཕར་བ་དང་ཁུར་པོ་ཡང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ངལ་རྩོལ་པའི་གླ་ཕོགས་རྒྱུན་གཏན་ལྟར་འཕར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

    2.སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོར་སྐུལ་འདེད་རིམ་བཞིན་གཏོང་བ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། ད་ལོའི་ལས་དོན་ཐད“སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་དགོས། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། འོས་འགན་སློབ་གསོ་འཕེལ་རྒྱས་སྤུས་ལེགས་དང་དོ་སྙོམས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་གནས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོར་སྐུལ་འདེད་རིམ་བཞིན་གཏོང་བ་བཅས་བྱེད་དགོས།

    3.འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་བུ་ལོན་བསྐྱར་གཡར་གྱི་བེད་སྤྱོད་ཁྱབ་ཁོངས་རྒྱ་ཆེར་གཏོང་བ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཉུང་དུ་གཏོང་བ་དང་། གྲོང་ནང་གྲོང་ཚོ་དང་ཉེན་ཡོད་སྡོད་ཁང་རྙིང་ཧྲུལ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ། བཙན་ཐབས་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་དགོས། གསོག་ཐེབས་ས་ཆ་དང་ཚོང་སྒྱུར་ཁང་པ་ཕན་སྒྱུར་བྱས་ཏེ། གསོག་ཐེབས་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཉོ་སྒྲུབ་བྱེད་པོ་དང་། རིན་གོང་། སྤྱོད་སྒོ་བཅས་ཐད་གྲོང་ཁྱེར་སྲིད་གཞུང་ལ་རང་བདག་གི་དབང་ཆ་དེ་བས་ཆེ་བ་སྤྲོད་པ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་བུ་ལོན་བསྐྱར་གཡར་གྱི་བེད་སྤྱོད་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས།

    4.མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྡོད་གནས་ཀྱི་དགོས་མཁོ་དང་འཚམ་པའི“ཁང་པ་ཡག་པོ”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ།

    ད་ལོའི་ས་ཁང་བདག་ཁོངས་ལས་དོན་ཐད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ད་དུང་བཏོན་དོན། འབྲེལ་ཡོད་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གོ་རིམ་ལྡན་པའི་སྒོ་ནས་འཛུགས་པ་དང་ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་འཛུགས་དགོས། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྡོད་གནས་ཀྱི་དགོས་མཁོ་དང་བསྟུན་ནས་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་འཇགས་དང་། སྐྱིད་སྣང་དོད་པ། ལྗང་མདོག རིག་ལྡན་བཅས་ཀྱི“ཁང་པ་ཡག་པོ”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    5.ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་། གྲོང་གསེབ་ལ་གསོན་ཤུགས་འཕེལ་བ། ཞིང་པའི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་བ།

    “‘ཞིང་གསུམ’ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས”ཞེས་པ་ནི་ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་ལས་འགན་གལ་ཆེན་ཞིག་རེད། སྙན་སྒྲོན་ནང་བཏོན་དོན། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཞིང་དར་ཞིང་ཕན་དང་ཞིང་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་། གྲོང་གསེབ་ལ་གསོན་ཤུགས་འཕེལ་བ། ཞིང་པའི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    6.ཡོང་འབབ་དམའ་བའི་མི་འབོར་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོར་ལམ་ལུགས་འཛུགས་པར་སྤྱི་འདོམས་བྱེད་པ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་རྒྱུ་ནོར་གྲུབ་པའི་ཕུགས་ཕན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་དབུལ་ལོག་དབུལ་འགྱུར་གྱི་སྔོན་འགོག་ལམ་སྲོལ་དང་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་ཤོས་ས་ཁུལ་ལ་རིམ་དབྱེ་རིགས་དབྱེའི་རོགས་སྐྱོར་ལམ་སྲོལ་འཛུགས་པར་སྤྱི་འདོམས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྤྱི་ཡོངས་ནས་དཔྱད་དཔོག་བྱེད་པ། བར་བརྒལ་དུས་མཚམས་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

    7.ཆ་རྐྱེན་དང་འཚམ་པའི་ཞིང་ལས་སྤོ་སྒྱུར་མི་འབོར་སྡོད་ཁང་འགན་སྲུང་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ།

    ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་སྐུལ་འདེད་གཏོང་བ་དང་། རྒྱུན་སྡོད་བྱ་ཡུལ་གྱིས་གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཉམ་སྤོས་བུ་ཕྲུག་གི་འོས་འགན་སློབ་གསོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ཆ་རྐྱེན་དང་འཚམ་པའི་ཞིང་ལས་སྤོ་སྒྱུར་མི་འབོར་སྡོད་ཁང་འགན་སྲུང་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱེད་དགོས།

    8.ཐོགས་མེད་རྒན་འཕྲོད་ཅན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ།

    གྲོང་ཁྱེར་གསར་སྒྱུར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པའི་ཐད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། གྲོང་ཁྱེར་གྱི་ཕན་འབྲས་ཞན་པའི་ས་ཆ་སླར་ཡང་གསར་སྤེལ་བྱེད་པར་སྤྱི་འདོམས་བྱས་ཏེ་གྲོང་ཁྱེར་གྱི་འབྲུབ་འགོག་ཆུ་འབུད་མ་ལག་འཐུས་སྒོ་ཚང་དུ་མགྱོགས་མྱུར་གཏོང་བ་དང་། འབར་རླངས་དང་། ཆུ་མཁོ་འདོན་དང་ཆུ་འབུད། ཚ་ནུས། ས་འོག་མདོང་ལམ་སོགས་འཛུགས་སྐྲུན་དང་མཐུན་སྦྱོར་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་བ་དང་། ཐོགས་མེད་རྒན་འཕྲོད་ཅན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྡོད་མལ་དང་། མཉེན་གཤིས། རིག་ལྡན་བཅས་ཀྱི་གྲོང་ཁྱེར་སྐྲུན་དགོས།

    9.མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ།

    ལས་ཞུགས་ཐད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དང་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་བཅས་ཀྱི་ལས་ཞུགས་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱས་ནས་ལས་བརྟན་གསབ་དངུལ་སྤྲོད་པ་དང་། ཁྲལ་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ། ལས་ཞུགས་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་གང་ལེགས་སྤྱོད་དགོས། ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་བསྡུ་ལེན་དང་ལས་ཞུགས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། ལག་རྩལ་གསར་པ་བཀོལ་སྤྱོད་དང་ལས་གནས་བརྗེ་སྤོར་ལ་སྤྱི་འདོམས་བྱས་ནས་ལས་ཞུགས་གོ་སྐབས་གསར་པ་གཏོད་རྒྱུ་རེད། ལས་ཞུགས་དང་ལས་གཏོད་ཞབས་ཞུ་ལེགས་སུ་གཏོང་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས་ཞབས་ཞུ་ཡག་པོ་བསྒྲུབས་ཏེ། དབུལ་སྒྲོལ་མི་འབོར་དང་ཞིང་པ་ལས་མིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ལོ་ན་རྒས་པ་དང་། དབང་པོ་སྐྱོན་ཅན། ལས་ཤོར་དུས་ཡུན་ཅུང་རིང་བ་སོགས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    10.སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམིགས་བསལ་དུ་བཏོན་དོན། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་རིགས་གནོད་འཚེའི་འགན་སྲུང་ཚོད་ལྟའི་ལས་དོན་སྤེལ་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ངལ་རྩོལ་པའི་གླ་ཕོགས་སྤྲོད་རྒྱུར་འགན་སྲུང་ཏན་ཏིག་བྱེད་པ་དང་། གླ་ཕོགས་ཆད་ལུས་ལ་གཙང་བཤེར་བཅོས་སྒྲིག་བྱེད་པ། ལས་ཞུགས་ཐད་ཀྱི་མཐོང་ཆུང་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་བྱ་སྤྱོད་གཞི་ཁྱོན་ཆེན་པོས་སྤེལ་ནས་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་སུ་ཁ་ཐང་བའི་རྩལ་ནུས་ཤེས་ལྡན་པ་མང་དུ་གཏོང་བ་བཅས་བྱེད་དགོས།

    11.གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་30དང་སྒོར་5སོ་སོར་སླར་ཡང་མཐོ་རུ་གཏོང་བ།

    སྨན་རྫས་ཀྱི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་སྨན་རྫས་ཀྱི་དཀར་ཆག་བཟོ་བ། གསར་གཏོད་སྨན་རྫས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱ་རྒྱུ་རེད། ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་ལུགས་གསོ་རིག་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགོས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་བྱེད་པ། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་30དང་སྒོར་5སོ་སོར་སླར་ཡང་མཐོ་རུ་གཏོང་བ་བཅས་བྱེད་དགོས།

    12.གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་གཏོང་བ།

    སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་སུ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་བཏང་ནས་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་འོས་འཚམ་གཏོང་དགོས། ཀ་རྟེན་གསུམ་པའི་རྒན་གསོའི་འགན་བཅོལ་འཕེལ་རྒྱས་མགྱོགས་སུ་བཏང་ནས་མི་སྒེར་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་བསྟར་ཡག་པོ་བྱེད་པ་དང་། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པ། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།

    13.ཕྲུ་གུ་སྐྱེ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བཟོ་བ་དང་ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་སྤྲོད་པ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། ཕྲུ་གུ་སྐྱེ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བཟོ་བ་དང་། ཕྲུ་གུ་གསོ་སྐྱོང་བྱེད་པའི་ཁ་གསབ་རོགས་དངུལ་སྤྲོད་པ། སློབ་གསོ་དང་བྱིས་གསོ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཀུན་ཕན་གྱི་སློབ་གསོ་དང་བྱིས་གསོའི་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་དགོས། ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་གྱིས་ཕྱིར་འགྱངས་བྱེད་པའི་སྒྱུར་བཅོས་ལག་བསྟར་བརྟན་པོ་བྱེད་དགོས། དམག་མི་དང་དམག་མིའི་ནང་མི་དང་། དམག་ཞབས་ཐིམ་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་གཟིགས་སྐྱོང་དང་འཆི་གོད་གྱོང་གསབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། དཀའ་ངལ་ཡོད་པའི་བྱིས་པ་དང་། ཕྱོགས་མིའི་བྱིས་པ། གཞིས་ལུས་བྱིས་པ་བཅས་ལ་གཅེས་སྐྱོང་དང་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་རྒྱག་དགོས། ཚབས་ཆེའི་དབང་པོ་སྐྱོན་ཅན་ལ་གསོ་སྐྱོང་དང་ལྟ་རྟོག་ཞབས་ཞུ་ཡག་པོ་བྱས་ཏེ་དབང་པོ་སྐྱོན་ཅན་སྔོན་འགོག་དང་བདེ་ཐང་སླར་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།