དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་ཚེ་གསུམ་ཐང་སྡེ་ཁུལ་གྱིས།

    ཕ་མ་བུ་ཕྲུག་མཉམ་འགུལ་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-18

    ཉེ་ཆར། ཚེ་གསུམ་ཐང་སྡེ་ཁུལ་མང་ཚོགས་ཀྱི་ཕ་མ་བུ་ཕྲུག་དབར་གྱི་བརྩེ་དུང་སྤེལ་རེས་ཟབ་ཏུ་གཏོང་བ་དང་བུ་ཕྲུག་གི་གསར་གཏོད་ནུས་པ་དང་རང་ལག་འགུལ་བའི་ནུས་པ་གསོ་སྐྱོང་བྱ་ཆེད། ཚེ་གསུམ་ཐང་སྡེ་ཁུལ་གྱིས་ཕ་མ་བུ་ཕྲུག་མཉམ་འགུལ་གྱི་དྲོ་སྐྱིད་ལྡན་པའི་བྱེད་སྒོ་ཞིག་སྒྲིག་འཛུགས་བྱས་པ་རེད།

    ད་ཐེངས་སྡེ་ཁུལ་གྱི་ཕ་མ་ཕྲུ་གུ་མཉམ་དུ་བསྲེགས་ཟས་གཡོས་སྦྱོར་གྱི་བྱེད་སྒོ་སྤེལ་བ་ལས་ཁྱིམ་བདག་དང་ཕྲུ་གུ་ཚོར་ཐོབ་དཀའ་བའི་ཕ་མ་བུ་ཕྲུག་མཉམ་འགུལ་གྱི་གོ་སྐབས་ཤིག་མཁོ་འདོན་བྱས་པ་མ་ཟད། ད་དུང་ཚང་མར་མཉམ་ལས་དང་མཉམ་འགུལ་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པས། ཁྱིམ་བདག་དང་བུ་ཕྲུག་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ནས་སྡེ་ཁུལ་ནང་ཁུལ་གྱི་ཁྱིམ་ཚང་མང་པོ་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཅིང་། སྡེ་ཁུལ་གྱི་ཁྱིམ་ཚང་དབར་གྱི་སྤེལ་རེས་དང་མཉམ་འགུལ་ལ་སྐུལ་མ་ཐེབས་པ་དང་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་དང་གཏོགས་སེམས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།