དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བྱས་རྗེས་རིམ་པ་དང་པོ་འཇོག་མཁན་གཞུང་ཞབས་པའི་མཉམ་སྡེབ”སྡེ་ཚོགས་ལྗོངས་ཨུད་གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་དང་དང་བླངས་པའི་ལས་དོན་པུས།

    འཚར་ལོངས་བདེ་བླག་ཡོང་བའི་ཕྱིར། ལང་ཚོར་གཡས་གཞོགས་གཡོན་འདེགས་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-18

    “སྐུ་ཁམས་བཟང་། ཁྱེད་ལ་རོགས་པ་གང་བྱེད་དགོས་ཀྱི་འདུག་གམ”ཞེས་ལས་དོན་པས་བོད་ལྗོངས་12355གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་ཀྱི་ཐད་སྦྲེལ་ཁ་པར་རེ་རེ་བཞིན་ངང་རྒྱུད་རིང་པོས་ཉན་བཞིན་ཡོད། འདི་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་དང་དང་བླངས་པའི་ལས་དོན་པུས་གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བསྡུས་རིས་ཤིག་རེད།

    2020ལོའི་ལོ་མཇུག་ཏུ། 《དུས་རབས་གསར་པའི་12355གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཁེ་དབང་སྲུང་སྐྱོང་དང་དང་བླངས་པའི་ལས་དོན་པུས་བོད་ལྗོངས་12355གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་བསྐྲུན་ནས“ལས་སྟེགས་གཅིག་གྱུར་དང་། ཨང་གྲངས་གཅིག་གིས་ཕྱི་ཕྱོགས་ལ་འབྲེལ་གཏུག གཅིག་སྡུད་བདག་སྤྲོད། དུས་ཐོག་སྒྲུབ་གཉེར། འགན་འཁྲི་ལྟར་སྒྲུབ་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་སྐོར་གྱི་གྱོད་གཞི་དུས་ཐོག་ཏུ་བདག་སྤྲོད་བྱས་པ་རེད།

    2021ལོའི་ཟླ་8པར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཕོ་གསར་ཞིག་བྱ་གཞག་དང་བརྩེ་དུང་ལ་བར་ཆད་ཡང་ཡང་འཕྲད་པ་དང་། ཕོག་ཐུག་གཅིག་རྗེས་གཉིས་མཐུད་བྱུང་བས་རང་ཤི་རྒྱག་རྒྱུའི་བསམ་བློ་འཁོར། དེའི་རིང་། ཕོ་གསར་དེས་སྨན་རྫས་ཚོང་ཁང་དུ་ཡང་ཡང་ཡོང་སྟེ་གཉིད་སྨན་མང་པོ་ཉོས་པ་དང་གཉིད་སྨན་མང་པོ་བཏང་སྟེ་རང་ཤི་རྒྱག་རྩིས་བྱས། སྟབས་ལེགས་པ་ཞིག་ལ་ཁོང་གིས་མཐར་12355ཐད་སྦྲེལ་ཁ་པར་བརྒྱབ་ཡོད།

    ལས་དོན་པས་ཁ་པར་ལེན་སྐབས་ཉམས་མྱོང་ལ་བརྟེན་ནས་ཕོ་གསར་དེ་རང་ཤི་རྒྱག་རྩིས་ཡོད་པ་ཚོར་བས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་འཕྲལ་ཐག་ཆོད་པོས་འབྲེལ་གཏུག་བྱས། སྤྱི་བདེའི་ལག་རྩལ་བྱ་ཐབས་བརྒྱུད་ཕོ་གསར་དེའི་སྡོད་གནས་མྱུར་དུ་གཏན་འཁེལ་བྱས་རྗེས། རོགས་སྐྱོབ་ཚོགས་ཆུང་གིས་འཕྲལ་དུ་དེ་གར་བསྐྱོད་དེ་ཁོང་བསྐྱབས།

    ཆེད་ལས་ཀྱི་སེམས་ཁམས་ཚོད་ལྟ་བརྒྱུད། ཕོ་གསར་དེར་ཡིད་མུག་ནད་དང་སེམས་འཚབ་ནད་ཚབས་ཆེན་ཕོག་པའི་གཏན་འཁེལ་བྱས། 12355ཡི་ལས་དོན་པ་དང་སེམས་ཁམས་རིགས་གཅིག་མཁས་ཅན་གྱིས་སྒོ་རྩར་དུས་བཀག་གསེད་བཀྲོལ་ལ་ཐེངས་མང་བསྐྱོད་པ་བརྒྱུད། ཕོ་གསར་དེའི་སེམས་ནད་རིམ་བཞིན་བསལ་ཏེ་འཚོ་བར་སླར་ཡང་ཡིད་ཆེས་དང་རེ་བ་འཕེལ་བར་བྱས་ཡོད།

    མིག་སྔའི་བར། ཞབས་ཞུའི་ལས་སྟེགས་དེས་ཁྱོན་ཐད་སྦྲེལ་ཁ་པར་400ལྷག་ཙམ་ཉན་པ་དང་། གཙོ་གནད་གྱོད་གཞི་ཁག་41ཐག་གཅོད་བྱས་པ། ལོ་ལྟར་ཁྱིམ་ཚང་གི་གཏུམ་སྤྱོད་དང་སློབ་གྲྭའི་བརྙས་བཅོས་སོགས་ཀྱི་གནད་དོན་ཚུད་པའི་གཞོན་ནུ་ལོ་ཆུང་གི་ཁེ་དབང་རྩོད་གཞི་ཁག་བཅུ་ལྷག་ཙམ་ཐག་གཅོད་བདེ་བླག་བྱས་པས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་དང་ཁྱིམ་བདག་གིས་གདེང་འཇོག་བཟང་པོ་ཐོབ་ཡོད།

    གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་གཞོན་ནུ་ལོ་ཆུང་གི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་བའི་ལོ་ཤས་རིང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཁེ་དབང་སྲུང་སྐྱོང་དང་དང་བླངས་པའི་ལས་དོན་པུས་ཇུས་བཟང་མང་པོ་དང་གསར་གཏོད་བྱེད་ཐབས་རྒྱུན་ཆད་མེད་པར་བཏོན་ཡོད། 12355གཞོན་ནུ་ལོ་ཆུང་ཞབས་ཞུའི་ལས་སྟེགས་ཀྱི་རྨང་གཞིའི་ཐོག་ཆེད་ལས་སེམས་ཁམས་བློ་འདྲི་བ་དང་བཅའ་ཁྲིམས་རིགས་གཅིག་མཁས་ཅན་བཀོད་སྒྲིག་བྱས་ནས་གཞོན་ནུ་ལོ་ཆུང་ལ་རིན་མེད་བློ་འདྲིའི་ཞབས་འདེགས་ཞུས་པ་དང་། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་སོགས་སྡེ་ཚན་དང་། དེ་བཞིན་བཅའ་ཁྲིམས་ལས་དོན་པ་དང་མཉམ་དུ“ལང་ཚོ་དང་བཅའ་ཁྲིམས་མཉམ་དུ་འགྲོགས་པའི”ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ། དམིགས་བསལ་གྱི་གཞོན་ནུ་ལོ་ཆུང་ཚོགས་སྤྱིར་དམིགས་ནས་རང་གཤིས་ཅན་གྱི་ཇུས་གཞི་བཟོས་ཏེ། དང་བླངས་པ་སྒྲིག་འཛུགས་ཀྱིས་གཞིས་ལུས་བྱིས་པར་གཅིག་གཏད་གཅིག་གིས་རོགས་སྐྱོར་བྱས་པ། རིམ་ཁག་སྡེ་ཚོགས་རྩ་འཛུགས་ཁྲོད་ནས་སེམས་ཁམས་རིག་པ་དང་ཁྲིམས་ལུགས་རིག་པ་སོགས་ཐད་ཀྱི་ཆེད་ལས་ཤེས་ལྡན་པ་བདམས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་12355གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་ཀྱི་རིགས་གཅིག་མཁས་ཅན་མཛོད་འཛུགས་པ་ལ་སོགས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ནས་ལག་ལེན་བསྟར་བ་དེས། རང་ལྗོངས་ཀྱི་12355གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་ཀྱི་སྤྱི་ཚོགས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། གཞོན་ནུ་ལོ་ཆུང་གི་ཁྲིམས་མཐུན་ཁེ་དབང་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་པར་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད།

    2022ལོར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལ“རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོའི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2024ལོའི་ཟླ་11པར་སྡེ་ཚན་དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་ཐོབ་ནས་བྱས་རྗེས་རིམ་པ་དང་པོའི་ཐོ་བཀོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།