ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་ལྟེ་བའི་ཁྲག་མཛོད་ཁང་ཁག་དང་པོ་བསྐྲུན་པ།
ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། 2025ལོའི་ཟླ་2པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣང་རྫོང་དང་མེ་ཏོག་རྫོང་གི་རྫོང་རིམ་པའི་ལྟེ་བའི་ཁྲག་མཛོད་ཁང་གཉིས་ལ་ལས་གཉེར་ཆོག་འཐུས་ཐེངས་དང་པོར་སྤྲོད་རྒྱུའི་བཀའ་མཆན་སྤྲད་པ་དེ་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་རྫོང་རིམ་པའི་ལྟེ་བའི་ཁྲག་མཛོད་ཁང་སྔོན་ལ་བསྐྲུན་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞི་རིམ་གྱི་ཁྲག་བསྡུ་ལེན་དང་མཁོ་འདོན་ལས་དོན་གྱི་འཆར་འགོད་སོགས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། 2024ལོར་ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྔོན་ལ་ཚོད་ལྟ་བྱས་ནས་སྣང་རྫོང་དང་། མེ་ཏོག སྤོ་བོ། རྫ་ཡུལ་བཅས་རྫོང་རིམ་པའི་ལྟེ་བའི་ཁྲག་མཛོད་ཁང་བཞི་ཡི་འཛུགས་སྐྲུན་ལས་དོན་སྔོན་ལ་སྐུལ་འདེད་བཏང་ཡོད། བཀའ་མཆན་ཐོབ་པ་བརྒྱུད། སྣང་རྫོང་དང་མེ་ཏོག་རྫོང་གི་རྫོང་རིམ་པའི་ལྟེ་བའི་ཁྲག་མཛོད་ཁང་གཉིས་མིག་སྔར་སྤྱོད་འགོ་ཚུགས་པས། ཁྲག་ཐུམ་སྐྱེལ་འདྲེན་ལམ་ཐག་ཧ་ཅང་ཐུང་དུ་ཕྱིན་ནས་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ཟུང་ཁྲག་ཉར་འཇོག་བྱེད་དཀའ་བ་དང་ཁྲག་སྤྱོད་པར་འགན་སྲུང་མེད་པ་སོགས་ཀྱི་དཀའ་ངལ་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།