ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་2025ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པའམ་བསྐྱར་ཚུགས་བྱས་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་2025ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པའམ་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོགས་པ་ལས་ཆུས་དེའི་ལོ་འཁོར་གསར་པའི་གཙོ་གནད་རྣམ་གྲངས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིཌ་ན། ད་ཐེངས་གཅིག་སྡུད་ལས་འགོ་ཚུགས་པའམ་བསྐྱར་ཚུགས་བྱས་པའི་རྣམ་གྲངས་ཁྱོན་146ཡོད་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་247.8བཏང་བ་དང་། དེའི་ནང་མཐུད་སྐྲུན་རྣམ་གྲངས་39དང་། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་107 གཙོ་གནད་རྣམ་གྲངས་36བཅས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་113.47བཏང་ཡོད་པ་རེད། རྣམ་གྲངས་དེ་དག་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས། ཁྱད་ལྡན་ལེགས་ཆའི་ཐོན་ལས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་ཅིང་། གཞི་ཁྱོན་ཆེ་བ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་ཁྱད་ཆོས་ལྡན་ཡོད།