དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ཚད་ལྡན་ཅན་གྱི་ནང་འདྲེན་ཤིང་ཏོག་དམིགས་འཛུགས་ལྟ་འདོམས་བྱ་ཡུལ་ཐོག་མ་དེར་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-17

    ཉེ་ཆར། བོད་ལྗོངས་སྐྱིད་གྲོང་འགག་སྒོ་བརྒྱུད་ནང་འདྲེན་བྱས་པའི་ཤིང་ཏོག་དམིགས་འཛུགས་ལྟ་འདོམས་བྱ་ཡུལ་དེ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ནང་འདྲེན་བྱས་པའི་ཤིང་ཏོག་དམིགས་འཛུགས་ལྟ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་བཅུག་པ་དེ་ཐོག་ནས་ས་ཆ་དེར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཞིབ་བཤེར་རྩིས་ལེན་བྱས་པ་མཚོན་གྱི་ཡོད། དེ་ནི་རང་ལྗོངས་ཀྱི་ཚད་ལྡན་ཅན་གྱི་ནང་འདྲེན་བྱས་པའི་ཤིང་ཏོག་དམིགས་འཛུགས་ལྟ་འདོམས་བྱ་ཡུལ་ཐོག་མ་དེ་ཡིན་པས། རྒྱལ་མཚམས་ནས་ནང་འདྲེན་བྱས་པའི་ཤིང་ཏོག་ལས་སྒོའི་བརྒྱུད་རིམ་ཧྲིལ་པོའི་ནད་འབུ་བརྟག་བཤེར་དང་ལྟ་འདོམས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། སྐྱིད་གྲོང་སྐམ་ལམ་གྱི་མཐའ་མཚམས་འགག་སྒོ་ཧྲིལ་པོའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པར་བགྲོད་ལམ་གསར་པ་གཏོད་ཐུབ་རྒྱུ་རེད།

    ལྟ་འདོམས་བྱ་ཡུལ་དེར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཞིབ་བཤེར་རྩིས་ལེན་བདེ་བླག་ཐུབ་པའི་འགན་ལེན་བྱ་ཆེད། མིག་སྔར། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ཏེ་འབྲེལ་ཡོད་སྡེ་ཚན་དང་བཞུགས་མོལ་ཚོགས་འདུ་དང་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ། ལྟ་འདོམས་བྱ་ཡུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་བྱེད་པ་དང་། རྒྱུན་གཏན་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་རྩིས་ཐོ་བཟོ་བ། དུས་ཐོག་ཏུ་ཤེས་རྟོགས་བྱུང་བའི་གནད་དོན་ཐོ་འགོད་བྱེད་པ་དང་འབྲེལ་རྩིས་ཐོར་གཞིགས་ནས་མེད་པ་བཟོ་བ་བཅས་བྱས་ཏེ། ལྟ་འདོམས་བྱ་ཡུལ་འཛུགས་སྐྲུན་གྱི་དུས་འགོའི་ཞིབ་བཤེར་རྩིས་ལེན་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྤེལ་བ་དང་། མི་སྣ་འགན་སྲུང་ཡག་པོ་བྱས་ཏེ་ཆེད་མངགས་མི་སྣ་ནང་སའི་འགག་སྒོར་ལས་སྒོའི་གསོ་སྦྱོང་ལ་མངགས་པ་དང་། རྩི་ཤིང་གི་ནད་ཡམས་འོས་ཐོབ་མི་སྣའི་མཛོད་བཙུགས་ཏེ་མི་སྣའི་ལྟ་འདོམས་འོས་ཐོབ་ཀྱི་ཆ་རྐྱེན་མཐུན་པ་བཅས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་དང་པོ་དང་གཉིས་པར་སྐྱིད་གྲོང་འགག་སྒོ་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་7.84ཟིན་པ་དེ་དུས་མཚུངས་ལས་73.01%འཕར་བ་ལས་ནང་འདྲེན་ཉོ་ཚོང་གི་རིན་ཐང་སྒོར་ཁྲི་4267.38ཟིན་པ་དེ་དུས་མཚུངས་ལས་ལྡབ་1.97འཕར་བ་དང་། ཕྱིར་གཏོང་ཉོ་ཚོང་གི་རིན་ཐང་སྒོར་དུང་ཕྱུར་7.42ཟིན་པ་དེ་དུས་མཚུངས་ལས་68.94%འཕར་ཞིང་། ཕྱིར་གཏོང་ནང་འདྲེན་བྱས་པའི་ཉོ་ཚོང་གི་བསྡོམས་འབོར་ཏུན་ཁྲི་2.21ཟིན་པ་དེ་དུས་མཚུངས་ལས་ལྡབ་1.11འཕར་བ་དང་། དེའི་ནང་ནང་འདྲེན་ཉོ་ཚོང་གི་གྲངས་འབོར་ཏུན་1058ཟིན་པ་དེ་དུས་མཚུངས་ལས་ལྡབ་1.43འཕར་བ་དང་ཕྱིར་གཏོང་ཉོ་ཚོང་གི་གྲངས་འབོར་ཏུན་ཁྲི་2.11ཟིན་པ་དེ་དུས་མཚུངས་ལས་ལྡབ་1.09འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།