དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སོ་སྣར་གྲོང་ཚོ་གཞུང་ལམ་ལ་བརྟེན་ནས་ཕྱུག་པོར་གྱུར་པ།

    ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-17

    རྒྱལ་ལམ་214དེ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཡིད་ཆེན་ཤང་སོ་སྣར་གྲོང་ཚོའི“ཨུ་ལྷན་གཉིས”གནས་ཡུལ་གྱི་དབུས་ནས་ཁྲིད་ཅིང་། གཞོགས་གཅིག་ཆབ་མདོ་གྲོང་ཁྱེར་དང་སྦྲེལ་བ་དང་གཞོགས་གཞན་དེ་སྤོམ་མདའ་གནམ་ཐང་དང་སྤོམ་མདའ་གྲོང་རྡལ་དང་སྦྲེལ་ཞིང་། དུས་མཚུངས་སུ་དེ་གར་ལྷོ་རོང་རྫོང་དང་དཔལ་འབར་རྫོང་གི་ལམ་མདོ་འཁེལ་གྱི་ཡོད་པས། འགྲིམ་འགྲུལ་གྱི་ས་བབ་ལེགས་ཆ་མངོན་གསལ་དོད་པར་བརྟེན“གསུམ་མདོ་ཁའི”མིང་དེ་ཐོབ་ཡོད།

    སོ་སྣར་གྲོང་ཚོའི་དམིགས་བསལ་གྱི་འགྲིམ་འགྲུལ་ལེགས་ཆ་དེས་རྫོང་དང་རྫོང་སྦྲེལ་བ་དང་། གྲོང་ཚོ་དང་གྲོང་ཚོ་སྦྲེལ་མཐུད་དམ་ཟབ་བྱས་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ཡོད་ལ། ཐོན་ལས་མཉམ་འདྲེས་ཀྱང་བྱས་ཡོད། སྐབས་ཤིག་རིང་། ཨར་སྐྲུན་རུ་ཁག་ཁག་དང་འགན་གཙང་ལེན་མཁན་ཚོང་པ་རྒྱུན་མི་ཆད་པར་དེ་གར་ཡོང་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ང་ཚོས་གྲོང་གསེབ་གཞུང་ལམ་དང་ལམ་རྒྱུད་ཀྱི་ལྷན་སྦྱར་སྒྲིག་བཀོད་དང་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། མང་ཚོགས་ལས་ཞུགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་བབ་དང་བསྟུན་ཏེ“ལམ་རྒྱུད་དཔལ་འབྱོར”འཕེལ་རྒྱས་བཏང་བ་དང་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཏོད་ཡོད།

    དབྱངས་ཅན་མཚོ་མོས། འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་ཡོང་བའི་རེ་བ་བྱས་པ།

    ཟླ་བརྒྱད་པའི“གསུམ་མདོ་ཁར”རླངས་འཁོར་འགྲོ་འོང་བྱེད་མཁན་རྒྱུན་ཆད་རྒྱུ་མེད་པ་དང་གཞུང་ལམ་གཞོཌ་གཉིས་སུ་དེ་སྔ་གྲོང་མིས་བསྐྲུན་པའི་བོད་བཟོའི་ཐོག་ཁང་ཡིན་མོད། འོན་ཀྱང་ད་ཆ་ཟ་ཁང་དང་། ཤིང་ཏོག་དང་སྔོ་ཚལ་ཚོང་ཁང་། སྒོ་རྩིས་ཚོང་ཁང་ཆུང་ངུ་། མགྲོན་ཁང་སོགས་གཉེར་སྐྱོང་བྱེད་བཞིན་ཡོད། མངོན་གསལ་དོད་ཤོས་ཤིག་ནི་དེ་གར་སྣུམ་སྣོན་ས་ཚིགས་ཆེན་པོ་ཞིག་ཡོད་པ་རེད།

    སྣུམ་སྣོན་ས་ཚིགས་སུ་གསར་འགོད་པས་ལས་དོན་མི་སྣ་དབྱངས་ཅན་མཚོ་མོས་བྱང་ཆུབ་པའི་ངང་རླངས་འཁོར་ལ་སྣུམ་བླུགས་བཞིན་པ་མཐོང་བྱུང་། “ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་། ཉེ་བའི་ལོ་ཤས་རིང་འདི་གར་ཁེ་ལས་མང་དུ་ཕྱིན་ནས་ང་ཚོར་ལས་ཞུགས་གོ་སྐབས་མི་ཉུང་བ་ཞིག་རག་བྱུང་། སླད་ཕྱིན་ནང་མི་དང་མཉམ་དུ་མཉམ་སྡེབ་དཔལ་འབྱོར་ལ་ཞུགས་ནས་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཡུལ་སྲོལ་བཟང་པོ་དར་སྤེལ་གཏོང་རྒྱུ་ཡིན་པས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་རྒྱུའི་རེ་བ་ཡོད”ཅེས་དབྱངས་ཅན་མཚོ་མོས་གསར་འགོད་པར་བཤད།

    ས་གནས་དེ་གའི་གྲོང་སྡོད་ལས་བྱེད་པས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་སོ་སྣར་གྲོང་ཚོ་དང་། ཡིད་ཆེན་ཤང་། དཔའ་ཤོད་རྫོང་བཅས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་རྒྱུ་དང་རྩྭ་ཐང་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་ཐུབ་པ་མ་ཟད། ད་དུང་མེས་རྒྱལ་ས་གནས་ཁག་དང་འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད་ཅེས་བཤད།

    གསར་འགོད་པས་དཔའ་ཤོད་རྫོང་ནས་ཤེས་རྟོགས་བྱས་པར། 2023ལོ་ཁོ་ནར་རླངས་འཁོར་198ལས་གྲུབ་པའི་ཡིད་ཆེན་ཤང་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་སྤོམ་མདའ་གནམ་ཐང་རྒྱས་སྐྲུན་བསྐྱར་སྐྲུན་སོགས་རྣམ་གྲངས་གལ་ཆེན་གྱི་བྱེ་རྡོ་ཨར་ལས་རྒྱུ་ཆ་སྐྱེལ་འདྲེན་ལ་ཞུགས་པར་ཡོང་འབབ་སྒོར་ཁྲི་6000བྱུང་བ་རེད། ཉེ་བའི་ལོ་ཤས་རིང་། དཔའ་ཤོད་རྫོང་གིས་ལས་གྲྭ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་རྣམ་གྲངས་ལ་དམིགས་པ་དང་། དམིགས་སའི་རང་བཞིན་སྒོ་ནས་ནུས་རྩལ་གསོ་སྦྱོང་སྣ་ཚོགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཐབས་ལམ་མང་པོ་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་བ་དང་མང་ཚོགས་ཀྱི་ལས་གཏོད་དང་། ལས་ཞུགས། འབབ་འཕར་བཅས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་བཏང་ནས་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ཡོད།

    བསོད་ནམས་ཚེ་དབང་གིས། ཁང་པའི་ཐོན་ཁུངས་སྤྱད་དེ་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ།

    ཉེ་བའི་ལོ་ཤས་རིང་། རྣམ་གྲངས་སྐྲུན་མཁན་ཨར་ལས་རུ་ཁག་གིས་སོ་སྣར་གྲོང་ཚོའི་ལས་རིགས་མང་པོ་ཞིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་དང་མངོན་གསལ་དོད་ཤོས་ནི་བོགས་གཏོང་དཔལ་འབྱོར་དར་རྒྱས་བྱུང་བ་དེ་རེད།

    སོ་སྣར་གྲོང་ཚོའི་གྲོང་མི་བསོད་ནམས་ཚེ་དབང་ཁྱིམ་དུ་བསྐྱོད་སྐབས་ཁོང་ཁྱིམ་གྱི་ཚོམས་ཆེན་དུ་ཁམ་བུ་དང་། ཀུ་ཤུ། རྒུན་འབྲུམ། ངང་ལག་སོགས་ཤིང་ཏོག་དང་། ཕྱུ་ར་དང་ཁ་ཟས་སོགས་ཟས་རིགས་སྣ་ཚོགས་སྒྲིག་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་གི་ཡོང་འབབ་སྐོར་གླེང་སྐབས། བཟའ་ཟླ་གཉིས་ཀྱིས“དང་ཐོག་ང་ཚོའི་གྲོང་མི་མང་པོ་ཞིག་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་ནས་ཡོང་འབབ་མི་ཉུང་བ་ཞིག་རག་བྱུང་། འཛུགས་སྐྲུན་བྱེད་མཁན་འབོར་ཆེན་ཡོང་བ་དང་བསྟུན་ནས་ང་ཚོའི་ཁྱིམ་གྱི་ཐོག་སོ་དང་པོ་དེའང་ཁྲེང་ཏུའུ་ནས་ཡོང་བའི་སྦྱིན་བདག་ཀྲང་ལ་བོགས་མར་བཏང་བ་ཡིན། ཟླ་རེར་ཁང་གླ་སྒོར་3000བྱས་ནས་ད་བར་ལོ་གསུམ་བཞི་བོགས་མར་བཏང་བ་ཡིན”ཞེས་བཤད།

    བསོད་ནམས་ཚེ་དབང་ཁྱིམ་གྱི་སྡོད་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་300ཙམ་ཡོད་པ་དང་2008ལོར་བསྐྲུན་པ་ཞིག་རེད། གོམ་སྟབས་རྗེས་མར་ཁོང་གིས་ད་དུང་ཁང་པའི་ཐོན་ཁུངས་ལ་བརྟེན་ནས་ཚོམས་ཆེན་དེ་སྟབས་བདེའི་མགྲོན་ཁང་དུ་སྒྱུར་བཟོ་བྱས་ནས་ཁྱད་ལྡན་དམངས་སྲོལ་གནས་ཚང་བརྒྱབ་སྟེ་དཔལ་འབྱོར་ཡོང་འབབ་སྔར་བས་མང་དུ་གཏོང་འདོད་བྱེད་ཀྱི་ཡོད་པ་རེད།

    གནམ་གང་གཡུ་སྒྲོན་གྱིས། ཚོང་ཁང་དེ་དམངས་ཕན་ཞབས་ཞུའི་ཕྱོགས་བསྡུས་ཅན་ལ་སྒྱུར་བ་བྱས་པ།

    ད་ལོ་ལོ་56ལ་སླེབས་པའི་གནམ་གང་གཡུ་སྒྲོན་དང་ཁོང་གི་གཅུང་མོ་བསོད་ནམས་ཆོས་སྐྱིད་ཀྱིས་མཉམ་དུ་ཚོང་ཁང་ཆུང་ཆུང་ཞིག་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་། ཁོང་གཉིས་ཀྱིས་ཁང་པ་ལྷག་མ་ལོ་ལྟར་སྒོར་ཁྲི་4བྱས་ནས་ཁང་གླར་གཏོང་གི་ཡོད།

    གནམ་གང་གཡུ་སྒྲོན་གྱིས“ཚོང་ཁང་ནང་ཐ་མག་གི་ཚོང་སྒྲོམ་དང་། ཟས་རིགས་སོས་པའི་ཚོང་སྒྲོམ། ཆང་རག་གི་ཚོང་སྒྲོམ་སོགས་དབྱེ་ཡོད་པས་དངོས་ཟོག་སྣ་ཁ་འཛོམས་ལ་སྟབས་བདེ་བས་ཡུལ་མི་ཚོས་དེ་ནས་ཉོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད།

    “མི་དེ་བས་མང་བ‘གསུམ་མདོ་ཁར’ལས་ཀ་བྱེད་པ་དང་ལས་གཏོད་བྱེད་པར་ཡོང་རྒྱུའི་རེ་བ་ཡོད་ལ། ང་ཚོས་ཀྱང་མྱུར་སྐྱེལ་ཀུང་སི་དང་མགྱོགས་མྱུར་འབྲེལ་མཐུད་བྱས་ཏེ་མྱུར་སྐྱེལ་གཏོང་ལེན་ལས་སྒོ་མང་དུ་གཏོང་བ་དང་ལས་སྒོ་ཚབ་སྒྲུབ་ས་ཚིགས་བཙུགས་ནས། ཚོང་ཁང་དེ་འཛད་སྤྱོད་སྟབས་བདེ་དང་ཞབས་ཞུ་མྱུར་བའི་དམངས་ཕན་ཞབས་ཞུའི་ཕྱོགས་བསྡུས་ཅན་ལ་བསྐྲུན་འདོད་ཡོད”ཅེས་གནམ་གང་གཡུ་སྒྲོན་གྱིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།