དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཡ་རབས་འགྲོ་སྐྱོད་ལ་འགན་ལེན་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-16

    འདི་ནི་འབྲེལ་ཡོད་ལས་དོན་པས་བདལ་གཏོང་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འདི་ནི་འབྲེལ་ཡོད་ལས་དོན་པས་བདལ་གཏོང་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    ཉེ་ཆར། བདལ་གཏོང་རླངས་འཁོར་ཟང་ཟིང་ཆེ་བའི་རྣམ་པར་བཅོས་སྒྲིག་བྱེད་པའི་ལས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཧེང་ཨན་སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར་ཀུང་སིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུའི་བླང་བྱ་གཞིར་བཟུང་། ལམ་ངོས་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་གནམ་ཐང་དང་། མེ་འཁོར་བབས་ཚུགས། དམངས་སྤྱོད་མཁའ་འགྲུལ་ཅུས། གྲོང་བྱང་འགྲུལ་སྐྱེལ་བབས་ཚུགས། ཀརྨ་དགོན་གསར་སོགས་གྲོང་ཁྱེར་གྱི་ལམ་དུམ་གལ་ཆེན་དུ་འགྲུལ་པ་མི་བླུགས་པ་དང་། བདལ་གླ་སྒྲིག་པ། འགྲུལ་པ་ལམ་དབྱུགས། རྐང་བཙུགས་ནས་ལམ་སྐོར་ནས་བསྐྱོད་པ། གཏན་འབེབས་བཞིན་རིན་གོང་རྩིས་ཆས་མི་སྤྱོད་པ། རླངས་འཁོར་གྱི་གཙང་སྦྲ་ཞན་པ། ཞབས་ཞུའི་ལྟ་སྐུལ་བྱང་བུ་མེད་པ་དང་མཚོན་རྟགས་སྦྱར་མེད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། གྲོང་མི་དང་ཡུལ་སྐོར་བར་བདེ་འཇགས་དང་། ཤེས་དཔལ། སྐྱིད་སྣང་དོད་པ་བཅས་ཀྱི་ཕྱིར་སྐྱོད་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་གཏོད་རོགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།