ནག་ཆུ་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ།
ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་ནག་ཆུ་གྲོང་ཁྱེར་གྱིས་ཐོན་ལས་བཀོད་པའི་འཆར་འགོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། དེའི་ནང་ནུས་རྒྱུ་གཙང་མ་དང་། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་སོགས་ཐོན་ལས་ལ་ཚད་བརྒལ་གསར་པ་བྱུང་སྟེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱིས་མཚོན་བྱེད་དུ་བྱེད་པའི་རྣམ་གྲངས་དེ་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་སུ་གྱུར་ཡོད། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་ཉི་ནུས་གློག་འདོན་ལས་རིགས་ཀྱི་ཁྲལ་བསྡུ་སྒོར་ཁྲི་687མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་སྒོར་ཁྲི་662འཕར་ནས་ལྡབ་26འཕར་བ་ལས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་ཡོད།
ཁྱད་ལྡན་ཞིང་འབྲོག་ལས་ལ་སྐུལ་མ་བརྟན་པོ་བཏང་བས་དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱི་འཕེལ་ཕྱོགས་བཟང་ཞིང་། ཁྱད་ལྡན་ཞིང་འབྲོག་ལས་ཁྱབ་ཁོངས་སུ་ནོར་ལུག་གསོ་སྤེལ་ལས་རིགས་ཀྱི་ཁྲལ་འཇལ་མཁན་དུད་ཚང་181མང་དུ་ཕྱིན་ནས་ལས་རིགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ཡོད།
རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ཆེས་ཆེར་འཕར་ཞིང་། 2024ལོར་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་འབྲེལ་ཡོད་ཞབས་ཞུ་དང་། རིག་རྩལ་གསར་རྩོམ། འཁྲབ་སྟོན་ལས་རིགས་བཅས་ཀྱི་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཕྱིར་ཚོང་དངུལ་གྲངས་དེ་དུས་མཚུངས་ལས་37%དང་72.9%སོ་སོར་འཕར་ཡོད།
གཉེར་སྐྱོང་བྱེད་པོའི་གསོན་ཤུགས་ཆེ་རུ་ཕྱིན་ཞིང་། ལོ་ཧྲིལ་པོར་ཁྲལ་སྒྲུབ་ཐོ་འགོད་དུད་ཚང་2934མང་དུ་ཕྱིན་ནས་དུས་མཚུངས་ལས་19.1%འཕར་ཡོད། དེའི་ནང་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། གྲོང་མིའི་ཞབས་ཞུའི་ལས་རིགས་བཅས་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་1820མང་དུ་ཕྱིན་ནས་བསྡུར་ཚད་ཀྱི་62%བཟུང་ཡོད།