དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ས་མཐོའི་གནམ་གཤིས་གྲང་མོར་འཚམ་པའི་སྔོ་ཚལ་ཏུན་ཁྲི་70ལྷག་ཙམ་ཕྱིར་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-15

    ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར་ས་མཐོའི་གནམ་གཤིས་གྲང་མོར་འཚམ་པའི་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་70ལྷག་ཙམ་ཟིན་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། མིག་སྔར་སྔོ་ཚལ་དེ་ཉིད་མཚོ་སྔོན་གྱི་འབྲུ་རིགས་དང་སྣུམ་རྒྱུའི་རྗེས་ཀྱི་ཞིང་ལས་སྐྱེ་དངོས་ཆེ་གྲས་གསུམ་པར་གྱུར་བ་དང་འདེབས་ཁྱོན་ལ་མུའུ་ཁྲི་60(མུའུ་རེར་སྤྱི་ཆིང་0.0667ཙམ་ཟིན་པ)བརྟན་པོའི་ངང་ཟིན་པ་དང་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི་150ཡན་རྒྱུན་འཁྱོངས་ཐུབ་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐོན་ལས་གལ་ཆེན་ལ་རིམ་བཞིན་གྱུར་ཡོད།

    2024ལོར་རིམ་རྩིས་བརྒྱབ་ན་ཀང་ཨའོ་ས་ཁུལ་ལ་ས་མཐོའི་གནམ་གཤིས་གྲང་མོར་འཚམ་པའི་སྔོ་ཚལ་ཏུན་2486ཕྱིར་གཏོང་བྱས་པར་སྒོར་ཁྲི་ཆིག་སྟོང་ཡན་ཟིན་ནས་ཐོན་ཁུལ་གྱི་ཞིང་དུད་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ཙམ་འཕར་བར་སྐུལ་ཁྲིད་ཐུབ་ཡོད། 2023ལོའི་ཟླ་8པར། མཚོ་སྔོན་གྱིས་ས་མཐོའི་གནམ་གཤིས་གྲང་མོར་འཚམ་པའི་སྔོ་ཚལ་ཤང་ཀང་ལ་མཁོ་སྤྲོད་ཐེངས་དང་པོ་བྱས་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།