དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་2025ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ཇུས་གཞི་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-15

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་མཚོ་སྔོན་ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། འཛད་སྤྱོད་ཀྱི་མཁོ་སྤྲོད་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། ཞིང་ལས་དང་། ཚོང་དོན། རིག་གནས། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཟླ་3ཚེས་10ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས། ཞིང་ཆེན་ལུས་རྩལ་ཅུས་བཅས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་2025ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར(ཀྲོའུ)དང་རྫོང་གི་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་གྱིས་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན་དང་། དཔྱིད་གསར་གྱི་ལོ་གསར་མཁོ་ཆས་དུས་ཚིགས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ས་མཐོའི་དྲ་ཐོག་དངོས་རྫས་ཡག་པོ་དང་། མཚོ་སྔོན་དུ་འཁོར་འདྲེན། སྐབས་བདུན་པའི་ཟོག་ཟུང་དྲ་ཐོག་ཉོ་སྒྲུབ་དུས་ཆེན། གློག་བརྙན་ལྟ་བཞིན་ཞིམ་ཟས་ལ་རོལ་བ་སོགས་ཆེད་དོན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐེངས་10མཉམ་འགུལ་ངང་སྤེལ་རྒྱུ་རེད། གྲོང་ཁྱེར(ཀྲོའུ)དང་རྫོང་ཁག་གིས་རླངས་འཁོར་དང་། བཟའ་བཏུང་། རིག་གནས། ཚོང་འགྲུལ་པ། གློག་རྡུལ་ཚོང་ལས་ཐད་གཏོང་། དུས་ཆེན་དང་རྟེན་འབྲེལ་མཛད་སྒོ འཛད་སྤྱོད་གསར་པ། ཚོང་སྐོར་ཁྲོམ་གཞུང་སོགས་གཙོ་གནད་ཁ་ཕྱོགས་ཁག་9ལ་དམིགས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐེངས་40ཡན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།