ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནུབ་བསྲིང་རྣམ་གྲངས་ཀྱི་སྟོད་ལུང་ལམ་ཐིག་དང་པོའི་ཕུག་ལམ་གྱི་གཞོགས་གཉིས་ཀ་ཏལ་འབིགས་ཐུབ་པ།
གོང་ཚེས་ཉིན། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནུབ་བསྲིང་རྣམ་གྲངས་ལས་འགོ་བཙུགས་ཚུན་འཕེལ་རིམ་བདེ་བླག་ཡོད་པ་རེད། 2024ལོའི་ཟླ་11ཚེས་23ཉིན། སྟོད་ལུང་ལམ་ཐིག་དང་པོའི་ཕུག་ལམ་གྱི་གཞོགས་གཡོན་མ་ཏལ་འབིགས་ཐུབ་པ་དང་། 2025ལོའི་ཟླ་2ཚེས་26ཉིན། སྟོད་ལུང་ལམ་ཐིག་དང་པོའི་ཕུག་ལམ་གྱི་གཞོགས་གཡས་པ་ཏལ་འབིགས་ལམ་ལྷོངས་བྱུང་བ་དེ་ནི་ལྷ་ས་བྱང་སྐོར་ལམ་ནུབ་བསྲིང་རྣམ་གྲངས་ཀྱི་ཏལ་འབིགས་ཐུབ་པའི་ཕུག་ལམ་དང་པོ་དེ་ཡིན་པ་དང་། སྟོད་ལུང་ལམ་ཐིག་དང་པོའི་ཕུག་ལམ་གྱི་གཞོགས་གཉིས་ཀ་ཏལ་འབིགས་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བསྐྲུན་རྗེས། ལྷ་སའི་གྲོང་ཁུལ་གཙོ་བོའི་ལམ་དྲའི་གྲུབ་ཚུལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་ད་ཡོད་ཀྱི་བྱང་སྐོར་ལམ་རིང་དུ་ཕྱིན་ཏེ་ལྟེ་བའི་གྲོང་ཁུལ་གྱི་ཕྱོགས་བགོས་མཚམས་སྒྲོལ་འགྲིམ་འགྲུལ་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་ཐུབ་རྒྱུ་མ་ཟད། གྲོང་ཁུལ་ལྟེ་བར་འཁོར་རིགས་འགག་པའི་གནད་དོན་ཞི་ལྷོད་དུའང་འགྲོ་རྒྱུ་རེད། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་གྱི་ལྷོ་སྐོར་ལམ་དང་བྱང་སྐོར་ལམ་འབྲེལ་མཐུད་ཐུབ་ནས་རྒྱལ་ལམ་109ཡི་གྲོང་བརྒྱུད་དུམ་བུའི་འགྲིམ་འགྲུལ་གྱི་གནོན་ཤུགས་དེ་བས་ཆུང་དུ་འགྲོ་རྒྱུ་དང་། བདེ་འཇགས་ལྡན་པ་དང་། མ་གནས་དམའ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་གྲོང་ཁྱེར་ལམ་དྲའི་མ་ལག་ཅིག་ཆགས་ཏེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད།