དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནན་དུ་བཏང་བ་དང་འབྲུ་རིགས་ཉོ་སྒྲུབ་སྲིད་ཇུས་དོན་འཁྱོལ་བྱས་པ།

    བོད་ཀྱི་འབྲུ་མཛོད་ལས་ནས་ཀྱི་དྲི་ཞིམ་འཐུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-15

    ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་དང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཅས་དཔྱད་ཞིབ་ཁག་གསུམ་ནང་གཞིས་རྩེ་གྲོང་ཁྱེར་འབུར་དུ་ཐོན་ནས་ཨང་དང་པོ་ཐོབ་པ་རེད། གྲུབ་འབྲས་དེ་ཐོག་ནས་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་སུ་གཞིས་རྩེ་གྲོང་ཁྱེར་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་པ་མ་ཟད། ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད་པ་རེད།

    བོད་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཁྲོད་འགག་རྩའི་ནུས་པ་འདོན་བཞིན་ཡོད། 2024ལོར་བོད་རང་སྐྱོང་ལྗོངས་ཀྱིས་ལོ་ཧྲིལ་པོར་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་ཏུན་ཁྲི་1.82ཟིན་པ་དང་། འབྲུ་འདེབས་ཞིང་པར་དངུལ་སྨར་ཡོང་འབབ་སྒོར་ཁྲི་7600བྱུང་བ། གཞིས་རྩེ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ནས་ཏུན་10039ཉོས་པ་བཅས་རེད། གཞིས་རྩེ་གྲོང་ཁྱེར་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་ཅུས་ཀྲང་པད་མ་དབྱངས་ཅན་གྱིས“འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་ཡག་པོ་སྲུང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནན་དུ་གཏོང་བ་དང་འབྲུ་རིགས་ཉོ་སྒྲུབ་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་པའི་འབྲུ་འདེབས་ཡོང་འབབ་བརྟན་དུ་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ། ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་གང་ལེགས་འཕེལ་བར་བྱས་ནས་འབྲུ་རིགས་བདེ་འཇགས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད”ཅེས་བཤད།

    འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང“ཤ་ཚལ་སྒོང་གསུམ”མཁོ་སྤྲོད་བརྟན་པོ་འགན་ལེན་བྱེད་པའི་ཐད་གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ས་གནས་འབྲུ་རིགས་གྲབས་གསོག་མ་ལག་བཙུགས་ནས་འབྲུ་རིགས་གྲབས་གསོག་དེ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཚང་མར་ཁྱབ་པར་བྱས་པ་རེད། གྲོང་ཁྱེར་དང་རྫོང་རིམ་པའི་གྲབས་གསོག་གཞི་ཁྱོན་དེ་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་གཞི་ཁྱོན་ལས་8.72%བརྒལ་བ་དང་། གྲོང་ཁྱེར་དང་རྫོང་གི་བཟའ་འབྲུ་གྲབས་གསོག་གིས་གྲོང་ཁྱེར་དང་རྫོང་གི་འབྲུ་རིགས་སྤྱིའི་གྲབས་གསོག་གི་བརྒྱ་ཆ་70ཡན་བཟུང་བ། གྲབས་གསོག་གི་སྣ་ཁ་འཛོམས་པ་དང་གྲུབ་ཆ་ལུགས་མཐུན་ཡོད་པས་འབྲུ་རིགས་ཁྲོམ་ར་བརྟན་པོ་ཡོང་བར་འགན་ལེན་ནུས་ལྡན་ཐུབ་སྟེ། གཞི་ཆེའི་སྟངས་འཛིན་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།