དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དུས་ཚིགས་དང་པོར་གྲུབ་འབྲས་ཡག་པོ་ཐོབ་པར་ནུས་ཤུགས་ཡོད་རྒུ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-14

    འདི་ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཤིང་། པར་རིས་གཅིག གསལ་ཐོ་གཅིག ལམ་སྲོལ་གཅིག”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། སྲིད་ཇུས་ལེགས་སུ་གཏོང་བ་དང་། ཁེ་ལས་ལ་ཞུགས་པ། བཀོད་གཏོང་ལ་ཤུགས་སྣོན། མངགས་ཐོ་འགན་ལེན། འཕེལ་རྒྱས་ལ་རོགས་རམ་བཅས་བྱས་ཏེ་གཙོ་གནད་ས་ཁུལ་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཡོད། 2025ལོའི་ཟླ་དང་པོ་དང་གཉིས་པར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་དང་ཕྱིར་གཏོང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་དུས་ཚིགས་དང་པོའི་གྲུབ་འབྲས་ཡག་པོ་སྔོན་ཚུད་ནས་མངོན་འགྱུར་བྱུང་ཡོད།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས་ཟི་ལིང་འགག་སྒོ་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་དང་། རྒྱལ་ཡོངས་ཀྱི་ཚོང་དོན་ལས་དོན་ཚོགས་འདུ་དང་། ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཆེན“ཚོགས་འདུ་གཉིས”ཀྱི་ལས་དོན་བཀོད་སྒྲིག་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཟི་ལིང་འགག་སྒོ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་དང་རྒྱབ་སྐྱོར་ཤུགས་ཆེན་འོག“རེའུ་མིག་གཅིག་དང་། པར་རིས་གཅིག གསལ་ཐོ་གཅིག ལམ་སྲོལ་གཅིག”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། སྲིད་ཇུས་ལེགས་སུ་གཏོང་བ་དང་། ཁེ་ལས་ལ་ཞུགས་པ། བཀོད་གཏོང་ལ་ཤུགས་སྣོན། མངགས་ཐོ་འགན་ལེན། འཕེལ་རྒྱས་ལ་རོགས་རམ་བཅས་བྱས་ཏེ་གཙོ་གནད་ས་ཁུལ་དང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཡོད། 2025ལོའི་ཟླ་དང་པོ་དང་གཉིས་པར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་དང་ཕྱིར་གཏོང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་དུས་ཚིགས་དང་པོའི་གྲུབ་འབྲས་ཡག་པོ་སྔོན་ཚུད་ནས་མངོན་འགྱུར་བྱུང་ཡོད།

    ཞིང་ཆེན་ཚོང་དོན་ཐིང་གིས་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་སྲིད་ཇུས་མ་ལག་མུ་མཐུད་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་འཛད་སྤྱོད་དགོས་མཁོར་དམ་པོར་དམིགས་ནས་རང་ཐོན་ཐོན་རྫས་ཕྱིར་གཏོང་དང་། སྒྲིག་ཆས་དང་། མ་བཅོས་རྒྱུ་ཆ། འཛད་སྤྱོད་དངོས་རྫས་སོགས་ནང་འདྲེན་ལ་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་གཏོང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ནང་འདྲེན་གྲུབ་ཆ་མུ་མཐུད་ལེགས་སུ་བཏང་ཡོད། འགྲེམས་ཚོགས་ནང་ཞུགས་པ་དང་ཕྱི་རྒྱལ་གྱི་མཛོད་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལ་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཤུགས་ཆེར་བཏང་ཡོད།

    ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་ཁུངས་ལ་མཐུན་སྦྱོར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ཧྲའན་ཤིས་ཡན་ལག་དངུལ་ཁང་དང་། ཀྲུང་གོ་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཧྲའན་ཤིས་ཡན་ལག་ཀུང་སི། དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་ལས་ཁུངས་མང་པོ་དང་རྒྱུན་གཏན་གྱི་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་ཁེ་ལས་ཀྱི་རྒྱལ་སྒྲོལ་འབྲེལ་མཐུད་དང་མ་དངུལ་མཉམ་བསྡུའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་པ་རེད།

    གཙོ་གནད་ཁེ་ལས་ཀྱི་འབྲེལ་གཏུག་རོགས་སྐྱོར་དང་ཟླ་རེའི་མངགས་ཐོ་བཀོད་གཏོང་ལས་དོན་ཡག་པོ་བསྒྲུབས་ནས། ཕྱི་ཕྱོགས་ཚོང་དོན་གཙོ་གནད་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་ལས་སྒོ་སྤེལ་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། སྲིད་ཇུས་དང་ཞབས་ཞུ་དུས་ཐོག་ཏུ་སྒོ་རྩར་དོན་འཁྱོལ་བྱས་ཤིང་། ཁེ་ལས་ཀྱིས་བཏོན་པའི་དཀའ་གནད་ཐད“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”ལག་བསྟར་བྱས་ནས་རོགས་རམ་དང་ཐག་གཅོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ལེགས་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་བྱས་ཏེ་ཐོན་ལས་ཕྱིར་ཕྱོགས་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། རང་ཐོན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཆེས་ཆེར་འཕར་བ། ཕྱིར་གཏོང་ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོཌ་སུ་སོང་བ། ཟུར་བསྣན་རིན་ཐང་རྒྱུན་ཆད་མེད་པར་འཕར་བ། “ཁུལ་བཞིའི”ཐོན་ལས་ཕྱིར་ཕྱོཌ་ཀྱི་འཕེལ་རྒྱས་ལ་ཕན་འབྲས་ཐོན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།