དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་གློག་སྒུལ་རྐང་འཁོར་ཁྲི་100ལྷག་ཙམ་རྙིང་པ་གསར་བརྗེས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-03-14

    ཉེ་ཆར། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་གློག་སྒུལ་རྐང་འཁོར་རྙིང་པ་གསར་བརྗེས་ཀྱི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཏེ། ད་ལོའི་ཟླ་དང་པོ་དང་གཉིས་པར་རྐང་འཁོར་རྙིང་པ་བཙོངས་ཏེ་རྐང་འཁོར་གསར་པ་ཁྲི་101.9ཉོས་ནས་རྐང་འཁོར་གསར་པ་སྒོར་དུང་ཕྱུར་26.6བྲིན་ཚོང་བྱེད་པར་སྐུལ་ཁྲིད་བྱས་ཡོད། གློག་སྒུལ་རྐང་འཁོར་རྙིང་པ་གསར་བརྗེས་ན་ནིང་ནས་ལག་བསྟར་བྱས་ཚུན། ཁྱོན་རྐང་འཁོར་རྙིང་པ་བཙོངས་ཏེ་རྐང་འཁོར་གསར་པ་ཁྲི་240ཉོས་ནས་རྐང་འཁོར་གསར་པ་སྒོར་དུང་ཕྱུར་64ལྷག་ཙམ་བྲིན་ཚོང་བྱེད་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།