དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སྐྱེད་མའི་བདེ་ཐང་མགྱོགས་འཁོར”16པེ་ཅིང་ནས་རྡོག་ཐོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-14

    ཟླ་3ཚེས་12ཉིན། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་པེ་ཅིང་དུ་ཐུན་མོང་ཐོག“སྐྱེད་མའི་བདེ་ཐང་མགྱོགས་འཁོར”རྡོག་ཐོན་བྱེད་པའི་མཛད་སྒོ་འཚོགས་ཤིང་། གཅེས་སེམས་དང་སྨོན་འདུན་མཚོན་པའི“སྐྱེད་མའི་བདེ་ཐང་མགྱོགས་འཁོར”16ཧེ་ལུང་ཅང་དང་། ཅི་ལིན། ཧུའུ་པེ། ཧའེ་ནན། མཚོ་སྔོན། ཤིན་ཅང་། བོད་ལྗོངས་སོགས་སུ་བསྐྱོད་དེ་ས་གནས་དེ་གའི་བུད་མེད་ལ་བདེ་ཐང་བརྟག་དཔྱད་དང་། ནད་གཞི་སྐྱོབ་བཅོས། སྦྲུམ་མའི་འཕྲོད་བསྟེན་བདེ་སྲུང་བཅས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད། “སྐྱེད་མའི་བདེ་ཐང་མགྱོགས་འཁོར”གྱི་སྤྱི་ཕན་རྣམ་གྲངས་2003ལོར་འགོ་ཚུགས་ཤིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་འོག་ཀྲུང་གོ་བུད་མེད་ཐེབས་རྩ་ལྷན་ཚོགས་ཀྱིས་ད་བར་རྒྱལ་ཡོངས་ས་གནས་ཁག་ལ“སྐྱེད་མའི་བདེ་ཐང་མགྱོགས་འཁོར”3300ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། འདི་ནི་ཟླ་3ཚེས་12ཉིན་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་ཞིང་ལས་དངུལ་ཁང་གི་ཞལ་འདེབས་ལེན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།